གཞི་རིམ་ཏང་འཛུགས་བྱ་བ་ནི་སྣེ་མང་རྙོག་འཛིང་ཆེ་ཞིང་བརྒྱུད་རིམ་ལྡན་པའི་བྱ་བ་ཞིག་ཡིན་ཕྱིར། ཕྱོགས་སོ་སོས་གཞོགས་འདེགས་དམ་པོ་དང་ཕན་ཚུན་འབྲེལ་འདྲེས་གང་ལེགས་བྱ་དགོས། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པའི་འདུ་ཤེས་དང་གཅིག་གྱུར་བཀོད་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། གཅིག་གྱུར་བཀོད་སྒྲིག་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ན། ད་གཟོད་ཡན་ལག་ངང་གིས་ཐོན་པ་དང་། ངལ་བ་ཆུང་ལ་ཕན་འབྲས་ཆེ་བའི་འབྲས་བུ་སྨིན་ངེས།
“གོང”དང“འོག”གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་འབྲེལ་མཐུད་དམ་པོ་བྱ་དགོས། ཕྱོགས་གཅིག་ནས་གོང་གི་གནས་ཚུལ་ཤེས་དགོས་པ་སྟེ། ཏང་གིས་གསར་དུ་བཏོན་པའི་སྲིད་ཇུས་ལ་སློབ་སྦྱོང་བྱེད་པ་དང་། ཏང་དོན་འཕེལ་ཚུལ་གསར་བར་རྒྱུས་ལོན། ཏང་འཛུགས་ཀྱི་གནས་ཚུལ་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། དུས་ཚོད་དང་པོའི་ནང་རང་ཉིད་ཀྱི་ཀླད་པར་བསགས་པའི་ཤེས་བྱ་གསར་བཅོས་དང་འདུ་ཤེས་རྗེས་སུ་མི་ལུས་པ་བྱ་དགོས། ཕྱོགས་གཞན་ནས་གཞི་རིམ་གྱི་གནས་ཚུལ་གསལ་བོར་ཤེས་དགོས་ཏེ། ཡུལ་དངོས་སུ་སོང་ནས་གནས་ཚུལ་ངོ་མ་གསལ་བོར་ཤེས་དགོས། བྱ་བའི་ད་ཡོད་གནས་ཚུལ་གསལ་བོར་ཤེས་ཤིང་གནས་པའི་གནད་དོན་གཙོ་བོ་གང་ཡིན་པ། གནད་དོན་གྱི་འབྱུང་རྐྱེན་བཅས་གསལ་བོར་ཤེས་ན། ད་གཟོད་བྱ་བ་ས