རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ནུབ་རྒྱུད་ས་ཁུལ་དང་། མཐོ་འཁྱག་ས་ཁུལ། མཐའ་མཚམས་ས་ཁུལ། མི་རིགས་ས་ཁུལ་བཅས་སྣེ་བཞི་གཞི་གཅིག་ཡིན་པའི་ས་ཁུལ་ཞིག་ཡིན་ལ། ཁུལ་ཡོངས་སུ་སྲིད་འཛིན་སྡེ་བ་ཉིས་བརྒྱ་རེ་གཅིག་ཡོད་པ་དང་། དེའི་ཁྲོད་དབུལ་ཕོངས་སྡེ་བ་བརྒྱ་དང་ལྔ་ཡོད། དེའི་ཞིང་ཕྱུགས་ལས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་པས། དབུལ་སྐྱོར་བྱ་བ་སྤེལ་བར་དཀའ་ཁག་ཆེན་པོ་ལྡན།
དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་མ་ཐུབ་ན། རྨ་ལྷོ་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་དེ་བཤད་ཐབས་མེད་པ་ཞིག་རེད། 2015ལོའི་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལས་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་དབུལ་སྐྱོར་གསར་སྤེལ་མཁྲེགས་གཏོར་གྱི་བྱ་བ་བཟང་བོར་སྒྲུབ་དགོས། དབུལ་སྐྱོར་གསར་སྤེལ་གྱི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས། སེམས་འཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ལ་དམ་པོར་དམིགས་ནས་དཔྱད་ཞིབ་དང་ཚོད་འཛིན། ཕྱིར་འཐེན་ནང་རྐྱེན་བཅས་འཐུས་ཚང་དུ་བཏང་ནས། ཐོན་ཁུངས་མང་པོ་དབུལ་ཕོངས་ས་ཁུལ་དུ་འཁོར་སྐྱོད་བྱེད་དུ་བཅུག་ནས། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་པའི་ཡོང་སྒོ་མགྱོགས་མྱུར་གྱིས་ཞིང་ཆེན་ཡོངས་ཀྱི་ར