ད་ལོའི་ལོ་སྟོད་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པ་རྟ་རྡོ་དུས་ཡུན་ཟླ་གཉིས་རིང་གི་རིན་མི་དགོས་པའི་རླངས་འཁོར་ཞིག་གསོ་གསོ་སྦྱོང་ལ་ཞུགས་རྗེས། རྫོང་ནོར་སྲིད་ཀྱིས་སྒོར་ཁྲི་གཅིག་སྟོང་ལྔའི་སྒྲིག་ཆས་འདོན་སྤྲོད་བྱས་པའི་རོགས་སྐྱོར་འོག ཁང་བ་གླས་ནས་རླངས་འཁོར་ཞིག་གསོ་ཁང་ཞིག་ཕྱེས་པ་དང་། རྟ་རྡོས་རླངས་འཁོར་ཞིག་གསོ་ཁང་ལ་བརྟེན་ནས་ཁྱིམ་མི་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཡོངས་སུ་བསྒྱུར།
ད་ལྟ་ཟླ་རེ་རེར་རྒྱུན་ལྡན་གྱི་འགྲོ་སོང་ཕུད། རྟ་རྡོ་ཁྱིམ་མི་གང་བོར་སྒོར་ཉིས་སྟོང་ལྷག་གི་ཡོང་སྒོ་ཡོད། འདི་ནི་སྔོན་ཆད་ཉིན་གླ་བྱས་ནས་འཚོ་བ་རོལ་པའི་རྟ་རྡོ་ལ་མཚོན་ན། རྙེད་དཀའ་བའི་ཐབས་ལམ་བཟང་བོ་ཞིག་རེད།
རྟ་རྡོ་ལས་གཞན་ད་རུང་ཆུ་དམར་ལེབ་རྫོང་གི་འབྲོག་པ་མང་པོ་ཞིག་གིས་འདུ་ཤེས་བསྒྱུར་ཏེ། འབྲོག་པའི་ནུས་རྩལ་གསོ་སྦྱོང་ནང་ཞུགས་པ་དང་། ལག་རྩལ་ཞིག་ཁོང་དུ་ཆུད་པར་བྱས་ཏེ་གནས་སྤོར་ལས་ཞུགས་དང་ཕྱུག་སྒྱུར་ཡོང་བ་མངོན་འགྱུར་བྱེད་པར་རེ་བ་བྱེད་ཀྱིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་ལག་ཏུ་བསྟར་པ་དང་བསྟུན་ནས། ཆུ་དམར་ལེབ་རྫོང་གི་འབྲོག་པ་མང་ཚོགས་ལ་མཚོན་ན། དབྱར་རྩྭ