ཟླ་བ་བཞི་བའི་ཟླ་མགོའི་ཉིན་ཞིག་ལ། ནང་ལོགས་སུ་ལས་ཀར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ལོག་པའི་པདྨ་རྫོང་སེ་རའི་ཐང་གྲོང་རྡལ་པད་ནག་སྡེ་བའི་སྡེ་མི་བཀྲ་ཤིས་ཟླ་བས་མྱོང་ཚོར་ཟབ་མོའི་ངང་། “ང་རང་ཕྱིར་མ་ལོག་པར་ལོ་གཉིས་འགོར་སོང་། སྡེ་བའི་ནང་དུ་འགྱུར་ལྡོག་ཆེན་པོ་བྱུང་འདུག ཕ་ཡུལ་སྔར་ལས་མཛེས་པར་གྱུར་འདུག”ཅེས་བཤད།
ཉིན་དེའི་ཕྱི་དྲོར་གསར་འགོད་པ་པད་ནག་སྡེ་བའི་སྒོ་ཁར་སླེབས་དུས་མིག་གི་ལོངས་སྤྱོད་དུ་རྒྱུ་འོངས་པ་ནི་རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་བཟོའི་གཞུང་ལམ་འགྲམ་གྱི་བཟོ་བཀོད་ལེགས་ཤིང་བརྗིད་ཉམས་ཆེ་བའི་བོད་ཀྱི་རྩིག་བཟོའི་ཁྱད་ཆོས་ཅན་གྱི་ཐོག་ཁང་རེ་རེ་ཀྲོང་ངེར་འདུག་པ་དེ་རེད། ཐོག་ཁང་གི་འོག་རིམ་དག་ཏུ་ཚོང་ཁང་དང་ཟ་ཁང་། མི་རིགས་མཁོ་ཆས་ཚོང་ཁང་། དམངས་ཕན་སྨན་ཁང་སོགས་ཡོད་ཅིང་། ཚོང་ཁང་ནང་དུ་རིན་ཐང་ཅན་གྱི་ཚོང་རྫས་བཤམས་འདུག སྡེ་བའི་རིག་གནས་ཐང་ཆེན་གྱི་འགྲམ་དུ་དེ་གར་ཉི་མར་ལྡེ་ནས་སྡོད་པའི་ཨ་ནེ་བདེ་དབང་དང་འཕྲད་ཅིང་། ཁོ་མོའི་ཁྱིམ་ཚང་གི་གནས་ཚུལ་སྐོར་འདྲི་སྐབས། ཁོ་མོའི་ཉམས་ཐག་པའི་གདོང་ལ་འཛུམ་གྱིས་ཁེངས་ཡོད་ཅིང་། ཐོག་ཁང་ཆུང་ངུ་ཞིག་ལ་མཛུབ་མོས་བསྟན་ནས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་སྒོར་མོ་ཁྲི་བཞི་བཏང་སྟེ་ང་ལ་སྡོད་ཁང་འདི་བསྐྲ