$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.07.13 ཡོང་ཁུངས།མཚོ་སྔོན་པོ་དྲ་བ།
0
0

ཚེ་ཐར་བཏང་ན་ཀུན་སློང་དང་། དམིགས་ཡུལ། སྦྱོར་བ། མཐའ་འབྲས་བཅས་སྔོན་འགྲོའི་སྦྱོར་ཆོས་སུ་དགོས་ཏེ། དུད་འགྲོ་གང་ཡང་འཚོ་གནས་ཀྱི་ཁོར་ཡུག་ལ་བརྟེན་པ་ཡིན་ལ། དཔེར་ན། ཉ་ལ་ཡང་དྲོ་སའི་ཉ་དང་འཁྱག་སའི་ཉ། ཆུ་ལན་ཚ་ཅན་དུ་འཚོ་བའི་ཉ་དང་ཆུ་མངར་མོའི་ཉ། རྒྱ་མཚོའི་གཏིང་གི་ཉ་དང་ཆུ་ཁར་གཡེང་བའི་ཉ་སོགས་རིགས་ཀྱི་དབྱེ་བ་མང་ཞིང་། ཉའི་རིགས་ཀྱི་འཚོ་གསོན་ཆུའི་དྲོ་འཁྱག་དང་། རྙོག་དྭངས། ཚྭ་ཡོད་མེད་སོགས་འཚམ་མི་འཚམ་ཅི་རིགས་ཡོད་པས། ཚེ་ཐར་བཏང་ན་ཀུན་སློང་དགེ་སེམས་ཡོད་པ་ཙམ་གྱིས་མི་ཆོག དེའི་ཕྱོགས་ཀྱི་ཤེས་བྱ་དུ་མ་འཛོམས་དགོས་ཏེ། ཚེ་ཐར་བཏང་བའི་སེམས་ཅན་རྣམས་ཀྱི་འཚོ་གནས་གྱི་ཆ་རྐྱེན་དང་། སྤྱི་ཚོགས་ཀྱི་ཁེ་ཕན། ཁོར་ཡུག་གི་ཕན་གནོད་བཅས་ལ་འདང་ཞིབ་མོ་རྒྱག་དགོས། དཔེར་ན། ས་དྲོ་སའི་ཉ་རྣམས་ཆུ་འཁྱག་ཏུ་གཏོང་བ་དང་། ཚྭ་ཆུའི་ཉ་རྣམས་ཚྭ་མེད་པའི་ཆུ་ནང་དུ་བཏང་ཚེ། ཆུ་མ་འཕྲོད་པར་ཤི་ན། དེ་ནི་ཚེ་ཐར་བཏང་བ་མ་ཡིན་པར་སྲོག་བཅད་པའི་ཉེས་པ་ཡོད།

དེ་ནི་ཀུན་སློང་དགེ་བས་སྦྱོར་བ་དང་འབྲས་བུ་མི་དགེ་བ་བྱས་པ་ཡིན། གལ་ཏེ་ཁོར་ཡུག་གི་ཆ་རྐྱེན་འཚམ་མི་འཚམ་དང་མཐའ་འབྲས་སོགས་ལ་བསམ་བློ་མ་བཏང་བར་ཉ་སོགས་ཚེ་ཐར་བཏང་ན། ཆུ་མ་འཕྲོད་པས་ཉ་མང་བོ་ཤི་བ་དང་། ཉ་རོ་རུལ་བས་འཐུང་ཆུ་སོགས་སྦགས་པར་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།