ད་ལོར་སློབ་མཐར་ཕྱིན་མ་ཐག་པའི་ཀླུ་མོ་སྐྱིད་ཀྱིས་བཤད་རྒྱུར། སྐབས་དེར་ང་རང་ཁ་རྒྱུགས་ལ་ཞུགས་པའི་སྐབས་སུ། ཟླ་རེར་སྒོར་མོ་སུམ་སྟོང་གི་གཞི་རྩའི་ཟླ་ཕོགས་སྟེང་ཆ་སྒོའི་ཟླ་ཕོགས་བསྣོན་རྒྱུ་དང་། ཟླ་གཅིག་རིང་ལ་ཚོད་ལྟ་བཀོལ་སྤྱོད་བྱས་རྗེས། ངལ་རྩོལ་གན་རྒྱ་འཇོག་རྒྱུ་ཡིན་པ་གསལ་བོར་བཤད་ཡོད། ཡིན་ནའང་ཟླ་གཅིག་འགོར་རྗེས། ཆ་བགོས་ཟླ་ཕོགས་གཅིག་ཀྱང་མི་སྟེར་བར་མ་ཟད། གཞི་རྩའི་ཟླ་ཕོགས་ཀྱང་སྒོར་ཉིས་སྟོང་དྲུག་བརྒྱ་ལས་མ་བྱིན་ཟེར། སློབ་གྲོགས་རྣམས་ཀྱིས་རང་རང་ས་ནས་བྱ་བ་བཙལ་བའི་སྐབས་སུ་ཀླུ་མོ་སྐྱིད་ཀྱིས་བརྡ་ཁྱབ་ཀུང་ཟི་ཞིག་ཏུ་བྱ་བ་ཞིག་བཙལ། ཟླ་ངོ་གཅིག་གི་ཚོད་ལྟ་དུས་ཚོད་མྱུར་དུ་ཕར་འདས་མོད། ཁོ་མོར་ཐོབ་པའི་ཟླ་ཕོགས་ནི་ཀུང་ཟིས་ཁས་བླངས་པའི་སྒོར་སུམ་སྟོང་མེད་པར་མ་ཟད། བརྡ་ཁྱབ་ཀུང་ཟིས་ཁོ་མོ་དང་ངལ་རྩོལ་གན་རྒྱ་འཇོག་པའི་སྐད་ཆ་གཅིག་ཀྱང་མ་གླེང་བ་རེད། ཀླུ་མོ་སྐྱིད་ཀྱིས་ཐེངས་མང་པོ་དྲིས་ཀྱང་མཇུག་འབྲས་གང་ཡང་མ་ཐོབ་པས། མཇུག་མཐར་ཐབས་ཟད་འུ་ཐུག་ངང་ཀུང་ཟི་དེ་དང་ཁ་མི་འབྲལ་ཐབས་མེད་བྱུང་།
སློབ་མཐར་ཕྱིན་རྗེས་ཀླུ་མོ་སྐྱིད་དང་འདྲ་བར་བྱ་བ་འཚོལ་བར་བྲེལ་བའི་སློབ་གྲྭ་ཆེན་མོ་བ་མི་ཉུང་བ་ཞིག་ཡོད་ལ། མི་བཀོལ་སྡེ་ཁག་གིས་ཀྱང་སློབ་གྲྭ་ཆེན་མོ་རྣམས་ཀྱིས་སྔོ