དབྱར་ཁའི་ཡུལ་ཤུལ་རྩ་ཐང་ནི་རྩྭ་རྩི་ཤིང་དང་མེ་ཏོག་སྣ་བརྒྱའི་དྲི་ཞིམ་གྱིས་ཡོངས་སུ་ཁྱབ་ལ། དྲག་ཏུ་རྒྱུག་བཞིན་པའི་འབྲི་ཆུའི་ཤར་ཕྱོགས་སུ་བསྐྱོད་ཚེ། ཁྲི་འདུ་རྫོང་ནས་སྤྱི་ལེ་བརྒྱ་ལྷག་ཡོད་པའི་རྫ་སྟོད་གྲོང་རྡལ་དུ། སྦུབ་ཆུའི་འབྲོག་མི་ཨུ་ཡོན་ལྷན་ཚོགས་ཀྱི་འབྲོག་པ་རྨ་རྒྱལ་གྱིས་ནངས་ཇ་འཐུང་ཚར་ནས་ཉིན་གཅིག་གི་བྱ་བར་བྲེལ་མགོ་བརྩམས། རྒྱང་རིང་གི་ས་ནས་རྟའི་རྨིག་སྒྲ་ཞིག་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར། རྨ་རྒྱལ་གྱིས་སྦྲ་གུར་ནང་ནས་མགོ་བོ་དགྱེས་ཏེ་བལྟས་ཙ་ན། ཆ་རྒྱུས་ཡོད་པའི་གཟུགས་གཞི་ཞིག་མིག་མདུན་ལ་འཆར་འོངས་སྟེ། དེ་ནི་གྲོང་རྡལ་ནང་གི“རྟ་ཐོག་གི་སྒྲོག་སྤེལ་རུ་ཁག”རེད།
རྨ་རྒྱལ་གྱིས་ལག་ནང་གི་ལས་ཀ་མཚམས་བཞག་ནས་འབྲོག་མི་ཨུ་ཡོན་ལྷན་ཚོགས་ཀྱི་གམ་ལ་རྒྱུགས། སྐབས་དེར་འབྲོག་པ་མང་ཚོགས་མང་པོ་གནས་དེར་འདུས་ཡོད་ལ་རྒྱུན་ལྡན་གྱི་ལས་ཀའི་སྐབས་ཀྱི་ཟིང་ཟིང་དང་བྲལ་ཏེ། ལག་ལ་སྨྱུ་གུ་རེ་དང་འབྲི་དེབ་རེ་བཟུང་ནས་རྐུབ་སྟེགས་སྟེང་བཙོག་ནས་བསྡད་ཡོད་ལ། ལན་རེར་མགོ་བོ་དགྱེས་ཏེ་ཉན་པ་དང་ལན་རེར་མགོ་བོ་ལྡེམ་ཙམ་བྱེད་ལ། ལན་རེར་མགོ་བོ་སྒུར་ནས་སྨྱུ་གུས་འབྲི་ཙམ་བྱེད་པས་ལུང་ཁུག་དེར་སློབ་སྦྱོང་གི་མཁའ་དབུགས་ཀྱིས་ཡོངས་སུ་ཁེངས།
རྫ་སྟོད་གྲོང་རྡལ་