ཉེ་བའི་ལོ་འགར། རང་ཞིང་གིས་ཕྱུགས་ལས་འཕེལ་སྟངས་བསྒྱུར་བ་དེ་གནད་ཆེ་སར་བརྩིས་ཏེ། ཤུགས་ཆེན་པོས་འབྲོག་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དང་རོང་ཁུལ་གྱི་གཞི་ཁྱོན་གསོ་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ཕྱུགས་ལས་ཆུང་ཞིང་ཐར་ཐོར་གྱི་སྲོལ་རྒྱུན་དཔེ་དབྱིབས་ནས་གོམ་སྟབས་ཆེན་པོས་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་དེང་རབས་ཕྱུགས་ལས་ཀྱི་ཕྱོགས་སུ་བསྐྱོད་པས། སྲོལ་རྒྱུན་ཅན་གྱི་དཔེ་དབྱིབས་ནས་དེང་རབས་ཅན་གྱི་དཔེ་དབྱིབས་སུ་གྱུར་དང་འགྱུར་བཞིན་འདུག
རྩྭ་སའི་ཕྱུགས་ལས་རགས་ལས་ནས་ལེགས་བསྡུས་སུ་གྱུར་བ།
རང་ཞིང་གིས་རྒྱལ་ཡོངས་ཀྱི་འབྲོག་ཁུལ་དུ་ཐོག་མར་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་འཚོལ་ཞིབ་དང་ལག་ལེན་བྱས། ཉེ་བའི་ལོ་འགའི་རིང་དུ། བསྡོམས་པས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་བཙུགས་པ་དང་། འབྲོག་ཁྱིམ་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་མཉམ་ལས་ཁང་དུ་ཞུགས་པས། ཞུགས་ཚད་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་ལྔ་ལ་སླེབས། བསྡོམས་པས་ཕྱུགས་ཟོག་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་ལྔ་ཧྲིལ་བསྡུས་བྱས་པས། ཕྱུགས་ཟོག་གི་ལེགས་བསྡུས་བྱས་ཚད་བརྒྱ་ཆའི་རེ་བདུན་གྲངས་ཆུང་བརྒྱད་ལ་སླེབས། འཁོར་རྒྱུག་རྩྭ་