མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རང་བྱུང་རྩྭ་ཐང་རྒྱ་ཆེན་པོ་ལྡན་པས། ནོར་གནག་དང་དབྱར་རྩྭ་དགུན་འབུ། གྲོ་མ་སོགས་ཁྱད་ལྡན་ཐོན་རྫས་ཡོད།
ཐོན་ཁུངས་ལེགས་ཆ་དེ་ཚོང་རྫས་ལེགས་ཆར་བསྒྱུར་ནས། མགོ་ལོག་གི་འབྲོག་པའི་སྐམས་ཤ་དང་འོ་རྫས། ཁྱད་ལྡན་ཐོན་རྫས་སོགས་ཀྱི་ཚོང་ཇི་ལྟར་བྲིན་དགོས་ཤེ་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གིས་མགོ་ལོག་ཁུལ་དུ་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་བར་ཁེ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་ལས་བྱེད་མི་སྣ་བཅས་ཀྱིས་སློབ་མ་རྣམས་ལ་བར་ཁེ་བའི་ལས་སྐྲུན་ཐབས་ལམ་བཙལ་བ་དང་། གློག་རྡུལ་ཚོང་དོན་བཀོལ་སྤྱོད། ཚོང་རའི་ཚོང་གཉེར་བྱེད་ཐབས། དེ་མིན་ཚོང་གཉེར་ཐད་གནད་དོན་ཡོད་ན་ཇི་ལྟར་ཐག་གཅོད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་བར་ཁེ་བས་མཁོ་སྤྲོད་བར་གྱི་འབྲེལ་མཐུད་ནུས་པ་ཇི་ལྟར་འདོན་པ་སོགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས། བར་ཁེ་བ་ཉེར་ལྔ་ཡིས་རྒྱུགས་སྤྲད་པ་བརྒྱུད། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་བར་ཁེ་བའི་འབྲིང་རིམ་ཐོབ་ཐང་བླངས་པས། མགོ་ལོག་ཁུལ་གྱི་བར་ཁེ་བ་སྐོར་དང་པོར་གྱུར།
སྒྲོལ་མ་སྐྱིད་ནི་རྨ་ཆེན་རྫོང་མར་ལ