སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་བྱེད་ཆེད། མདོ་ལ་རྫོང་གིས་དམངས་ཕན་སྲིད་ཇུས་སྣ་ཚོགས་འགྲེམ་སྤེལ་དང་། རོང་འབྲོག་མང་ཚོགས་མཁར་གྲོང་དུ་གཏན་སྡོད་བྱེད་པར་སྐུལ་མ་ཆེན་པོ་བཏང་ཏེ། རོང་འབྲོག་ཁྱིམ་ཚང་ཉིས་སྟོང་སུམ་བརྒྱ་བཞི་ཅུ་གཙང་ཞིང་གྲལ་དག་ལ། སྒྲིག་ཆས་ཆ་ཚང་བའི་སྡོད་ཁང་གསར་བའི་ནང་སྤོས་ཏེ། གཏན་སྡོད་ཀྱི་འཚོ་བ་རོལ་མགོ་བརྩམས།
རོང་འབྲོག་མང་ཚོགས་མཁར་གྲོང་དུ་གཏན་སྡོད་བྱས་པ་དེས། རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ཏེ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ་མ་ཟད། འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་གིས་ཆུ་གློག་ལམ་གསུམ་དང་། འཕྲིན་གཏོང་། སློབ་གསོ། སྨན་བཅོས། རིག་གནས་རོལ་རྩེད་སོགས་སྤྱི་པའི་ཐོན་ཁུངས་ལོངས་སུ་སྤྱོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་བོ་ལོངས་སུ་སྤྱོད་ཐུབ་པ་བྱུང་།
མཁར་གྲོང་དུ་གཏན་སྡོད་བྱས་རྗེས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཐོན་སྐྱེད་བདག་གཉེར་ཀྱི་བྱེད་སྟངས་བསྒྱུར་ཏེ། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་སྐུལ་ཁྲིད་བྱས། མཁར་གྲོང་དུ་གཏན་སྡོད་བྱས་པའི་འབྲོག་པ་མང་ཚོགས་སྟོང་གཅ