$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.09.16 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

གཅིག རིའམ་སར་སྲུང་སྐྱོབ་བྱེད་ཚུལ།

དམངས་ཁྲོད་ངག་རྩོམ་དུ“རི་སྨུག་པ་ཅན་ལ་རི་དྭགས་འཁོར། འདི་རི་དྭགས་འཁོར་ན་གཞི་བདག་དགའ”ཞེས་པ་ལྟར། གངས་རི་དང་རྫ་རི། བྲག་རི། སྤང་རི། ནགས་རི་སོགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སུ་འཚོ་བའི་རི་དྭགས་དང་གཅན་གཟན་རྣམས་ནི་ས་དེའི་ཡུལ་ལྷག་དང་གཞི་བདག་དག་གི་སྒོ་ཕྱུགས་དང་ཆིབས་པ་ཡིན་ཟེར་བར་མ་ཟད། རང་རང་ས་གནས་ཀྱི་རི་བོ་མཐོན་པོ་རེ་ལ་གཞི་བདག་རེ་ཡོད་པར་ངོས་བཟུང་ནས་གཞི་བདག་གི་མིང་དང་ཆ་བྱད་སོགས་ཀྱང་རི་མོའམ་ཐང་གར་བཞེངས་ཏེ་སྡེ་བ་དང་དགོན་པ། ཁྱིམ་ཚང་སོགས་སུ་བཤམས་ཡོད་དེ། མདོ་སྨད་ཡུལ་གྱི་གཞི་བདག་མཐུ་བོ་ཆེ་ཨ་མྱེས་རྨ་ཆེན་ལ་མཚོན་ན་ཡང་། “རྨ་སྟོད་འོད་ཀྱི་གསེས་མཁར་ནས། རྨ་རྒྱལ་སྦོམ་ར་མཐུ་བོ་ཆེ། དུང་ཁྲབ་དུང་རྨོག་སྐུ་ལ་གསོལ། རིན་ཆེན་འབར་བའི་མདའ་དར་བརྒྱན། དཀར་གསལ་དུང་གི་ཕྲེང་བ་བསྣམས། མདར་དར་གཡས་ལ་རལ་གྲི་གཡོན། སེང་གེ་དཀར་མོ་ཆིབས་སུ་བཅིབས། འཇའ་འོད་གུར་གྱི་ལྗིང་ཁང་ནས། མདའ་གཞི་འཁོར་གསུམ་གྱི་ལི་ལི། འཁོར་དུ་ལྷན་ཕྲན་སྟོང་གིས་བསྐོར། འཇའ་འོད་སྨུག་ཀློང་ཀོ་རོ་རོ”ཞེས་ཡུལ་ལྷ་གཞི་བདག་རྣམས་ལ་དད་གུས་དང་མཆོད་འབུལ་རྒྱ་ཆེར་བྱས་ཚེ་ཡུལ་ལྷག་གཞི་བདག་དེ་དག་གིས་ཀྱང་ཕྱིར་མིའི་རིགས་ཀྱི་ལས་དོ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།