ཁམས་གསེང་ཞིང་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་གསར་དུ་དར་བའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་ཁམས་གསེང་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་རྫོང་གསར་འཛུགས་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཤུགས་ཆེན་པོས་ཁམས་གསེང་ཞིང་ཕྱུགས་ལས་གོང་དུ་སྤེལ་བར་སྐུལ་འདེད་བྱས་པས། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མ་ཆད་པར་ཇེ་ཆེར་གྱུར་བ་དང་། མིང་གྲགས་ཐོན་རྫས་ཀྱི་ཕན་ནུས་རིམ་བཞིན་མངོན།
མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། བོད་རིགས་དང་ཧོས་རིགས། ཧོར་རིགས། སོག་རིགས། ཟ་ལར་རིགས་སོགས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན། ཞིང་ཆེན་གཞན་ན་མེད་པའི་ཡུལ་ལྗོངས་གྲགས་ཅན་དང་། ཁྱད་ཆོས་ལྡན་པའི་མི་རིགས་ཡུལ་སྲོལ་དང་རང་བྱུང་མཛེས་ལྗོངས་དེ་དག་ལ་བརྟེན་ནས། ཁམས་གསེང་ཞིང་ལས་དང་ཞང་སྡེའི་གནས་སྐོར་དེ་ཐོན་ལས་ཅན་དང་ས་ཁོངས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འབད་བརྩོན་བྱས།
མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁམས་གསེང་ཞིང་ཕྱུགས་ལས་བདག་གཉེར་ཁྱིམ་ཚང་ཆིག་སྟོང་ལྔ་བརྒྱ་གོ་བཞི་ཡོད་པ་དང་། ལོ་རེར་གནས་སྐོར་པ་མ