ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཏང་ཡོན་གསར་བ་བསྡུ་ན་སྡེ་བའི་འཇོན་མིའི་ནང་ནས་སྡུད་ལེན་བྱ་དགོས།
སྡེ་བ་རིམ་པའི་སྲིད་དོན་གསལ་ཞིང་ཞིབ་མོར་གཏོང་བ་དང་། སྤྱི་བསྒྲགས་པང་ལེབ་འཛུགས་པ། སྐད་འཕྲིན་དང་འཕྲིན་ཐུང་སྡེ་དམངས་ཀྱི་ཁ་པར་སྟེང་བསྐུར་དགོས།
མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས་སྡུག་གང་མང་མྱོང་དུ་མི་འཇུག་པའི་ཆེད་དུ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལས་རྐང་དུ་འདུག་པའི་ལམ་ལུགས་ལག་བསྟར་བྱ་དགོས།
དེ་དག་ཡོད་ཚད་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་ཏུང་ཞང་ཏང་ཨུས“གཞི་གསུམ”འཛུགས་སྐྲུན་བྱེད་པའི་ཁྲོད་ཏང་ཡོན་གསར་བ་སྡུད་ལེན་བྱེད་པའི་གོ་རིམ་ཚད་ལྡན་མིན་པ་དང་། སྡེ་བ་དང་རུ་ཁག་རིམ་པ་གཉིས་ཀྱི་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་སྟོབས་ཞན་པ། སྡེ་དོན་དུས་ཐོག་ཏུ་ཡོངས་བསྒྲགས་མི་བྱེད་པ་དང་གསལ་བོ་མིན་པ་སོགས་གནད་དོན་ལ་དམིགས་ནས། ཞང་རིམ་པ་དང་སྡེ་བ་རིམ་པའི་ཏང་འཛུགས་བྱ་བ་བདུན་བསྒྲུབས་པའི་ནང་དོན་ཁ་ཤས་རེད།
གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་དོན་དངོས་བསྒྲུབ་ན། ཐོག་མར་གཡུལ་ས་བཟང་པོ་བཙུགས་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི