མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་ཞོལ་མ་ཞང་ནི་བོད་རིགས་འདུས་སྡོད་དང་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཞང་ཞིག་ཡིན་པ་དང་། ཞང་ཡོངས་ལ་བེད་སྤྱད་བྱས་ཆོག་པའི་རྩྭ་ས་མུའུ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བརྒྱད་ཡོད། ཞང་དེའི་རྙན་འདྲ་སྡེ་བའི་འབྲོག་ལུག་དཀར་པོའི་མཉམ་ལས་ཁང་ནི་མིང་གྲགས་ཧ་ཅང་ཆེ་བའི་མཉམ་ལས་ཁང་ཞིག་རེད།
ཉེ་ལམ་གསར་འགོད་པ་རྙན་འདྲ་སྡེ་བའི་སྡེ་མི་བདེ་མཆོག་ཚང་དུ་སོང་ནས་ཞང་ཏང་ཨུའི་ཧྲུའུ་ཅི་བསམ་འགྲུབ་རྒྱལ་དང་གླེང་མོལ་བྱས། བསམ་འགྲུབ་རྒྱལ་གྱིས་འབྲོག་ལུག་དཀར་པོའི་མཉམ་ལས་ཁང་གླེང་དུས་བཤད་རྒྱུར། 2014ལོའི་ཟླ་བདུན་པར། རྫོང་གི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་བཀོལ་ནས་རྟ་བོ་ཞོལ་མ་ཞང་གི་འབྲོག་ལུག་དཀར་པོ་མཉམ་ལས་ཁང་དངོས་སུ་བཙུགས། ཞང་ཏང་ཨུ་དང་སྲིད་གཞུང་གིས་མ་རྐང་དུ་བཞག་པའི་ས་ནག་ཐང་མུའུ་བརྒྱ་ཡི་ཨ་བྲ་བསད་པ་དང་རྩྭ་བཏབ་ནས་སླར་གསོ་བྱས་པས། ལོ་གཅིག་ནང་མ་རྐང་དུ་ཞུགས་པའི་ཁྱིམ་ཚང་དང་ཐོག་གི་ཁྱིམ་ཚང་བརྒྱད་ཅུ་ནས་སྟོང་གཅིག་དང་བཞི་བརྒྱ་ལ་སླེབས་པ་དང་། མ་རྐང་ལ་བཞག་པའི་ལུག་ཀྱང་ཐོག་མའི་སྟོང་གཅིག་དགུ་བརྒྱ་ཞེ་དྲུག་ནས་སྟོང་བཞི་ཉིས་བརྒྱ་སོ་ལྔ་རུ་འཕར། རྩྭ་ས་མུའུ་ཁྲི་བདུན་ལྷག་ཏུ་རྒྱ་བསྐྱེད་པས། མཉམ་ལས་ཁང་གི་ཐོན་སྐྱེད་ཚོང་ག