ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཞིང་སྡེ་མང་པོར་བཅར་འདྲིར་ཕྱིན་པ་ན། གནས་དེ་རུ་རིན་ཐང་ལྡན་པའི་གཏམ་རྒྱུད་མང་པོ་ཞིག་ཡོད་པ་ཤེས། གཞི་རིམ་གྱི་ཏང་ཀྲི་པུའུ་ནི་ཏང་གིས་གཞི་རིམ་དུ་བཙུགས་པའི་རྐང་འཛིན་སྟོབས་ཤུགས་ཡིན་ལ། ཏང་གིས་གཞི་རིམ་དུ་སྤྱད་པའི་སྲིད་ཇུས་སྣ་ཚོགས་ཀྱི་དྲིལ་སྒྲོག་པ་དང་ལག་བསྟར་མཁན་ཡང་ཡིན། ཏག་ཏག་གཞི་རིམ་གྱི་ལས་བྱེད་པ་དག་གིས་སྒེར་སེམས་མེད་པར་ཡོད་ཚད་ཕུལ་བར་བརྟེན་རོང་འབྲོག་པའི་འཚོ་བར་ད་ལྟ་ཀུན་གྱིས་མིག་ལམ་དུ་མཐོང་རྒྱུ་ཡོད་པའི་འགྱུར་ལྡོག་ཆེན་པོ་འདི་བྱུང་དང་འབྱུང་བཞིན་ཡོད་པ་རེད།
ཞོལ་མ་ཞང་གི་གསེར་ལུང་སྡེ་ཁུལ་སྦྲ་གུར་བཟོ་བའི་བཟོ་གྲྭ་ནས་ལས་ཀ་གཉེར་བཞིན་པའི་དཔལ་བཟང་ཉིས་སྟོང་དགུ་ལོར་རྫོང་མཁར་དུ་གནས་སྤོས་རྗེས། རང་ལ་ལག་རྩལ་མེད་པ་དང་ཁྱིམ་ལ་ནོར་ལུག་ཀྱང་མེད་པས། ཁྱིམ་ཚང་གང་བོས་སྤྱི་ལེ་བརྒྱ་ཡི་ཕན་ཆད་དུ་ཡོད་པའི་རྩྭ་ར་གཞན་གླས་པའི་ཡོང་སྒོ་ཙམ་ལ་ལྟོས་འདུག ཉིས་སྟོང་བཅུ་གསུམ