སྟོན་ཚུགས་མ་ཐག་གི་མཐོ་སྒང་དུ་གནས་སྐོར་ལ་ཡོང་མཁན་ཤིན་ཏུ་མང་། གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་གནས་སྐོར་པ་རྣམས་མཚོ་སྔོན་དུ་འཛོམས་ནས་གནས་སྐོར་དུས་གཞུང་གི་མི་ཚོགས་ཇེ་ཆེར་གྱུར། མི་ཚོགས་ལང་ལོང་ལ་བལྟས་ན། ང་ཚོས་རྒྱུན་ཚུལ་གསར་བའི་འོག་ཏུ། མཚོ་སྔོན་གྱིས་གནས་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་དང་རིགས་ལམ་ཡངས་པོ། འགུལ་སྐྱོད་དྲག་པོ་བཅས་ལ་གྲ་སྒྲིག་གང་ལེགས་དང་སྐུལ་སློང་གང་ལེགས་བྱེད་བཞིན་པ་གསལ་བོར་ཚོར་ཐུབ།
མཚོ་སྔོན་གྱི་ཆེས་མཛེས་པའི་དུས་ཚིགས་སུ། རིག་གནས་ཀྱི་བསམ་གཞིག་དང་མྱོར་ཚོར་རྒྱུན་འཛིན་བྱས་ཏེ་གནས་སྐོར་གསར་གཏོད་བྱས་ཤིང་འདུན་མར་བསྙེགས། མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་སྐབས་བཅུ་གསུམ་པས་འཛམ་གླིང་གི་གནས་སྐོར་བ་རྣམས་མཚོ་སྔོན་ལ་ལྟད་མོར་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད།
