ད་ལོའི་ལོ་མགོའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་ད་ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ཀོས་ཀྲིག་ནས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་སྤེལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལྟར། སེམས་ཞིབ་མོས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་རྒྱས་བྱས་ཏེ། དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ཕན་ཚུན་ཟུང་འབྲེལ་དང་། དྲང་བདེན་དབུལ་སྐྱོར་དང་ས་ཁོངས་མཁྲེགས་གཏོར་ཕན་ཚུན་ཟུང་འབྲེལ། ཆེད་དོན་དབུལ་སྐྱོར་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ཞུགས་པ་ཕན་ཚུན་ཟུང་དུ་འབྲེལ་བ་བཅས་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་དབུལ་སྐྱོར་ནང་རྐྱེན་གསར་སྐྲུན་དང་། དབུལ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འབད་བརྩོན་སྒོས་སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་བཅས་མཐུན་སྦྱོར་སྐུལ་འདེད་ཀྱི་དབུལ་སྐྱོར་ཆེན་པོའི་བྱ་བའི་རྣམ་པ་བསྐྲུན།
དྲང་བདེན་དྲུག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དྲང་བདེན་ངོས་འཛིན་བྱ་བ་ནན་ཏན་སྒོས་སྤེལ།
རྨ་ལྷོ་ཁུལ་གྱིས་གསར་དུ་ཞིབ་བཤེར་ཆོག་མཆན་བཀོད་པའི་དབུལ་ཕོངས