མཚོ་སྔོན་ཞིང་ཆེན་ནི་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཞིག་ཡིན་ལ། གནས་འདི་རུ་འཛམ་གླིང་སྟེང་གྲངས་ཀ་ཆེས་མང་བ་དང་། སྤུས་ཚད་ཆེས་བཟང་བའི་ནོར་གནག་གི་ཐོན་ཁུངས་ཡོད་པ་དང་། རྒྱལ་ནང་གི་བོད་ལུག་ཐོན་ཁུངས་ཆེས་ལེགས་པའི་གནས་ཤིག་རེད། ཞིང་ཆེན་ཡོངས་སུ་གསོ་ཁ་ན་ཡོད་པའི་ནོར་གནག་ས་ཡ་ལྔ་དང་འབུམ་དགུ་ཡོད་པ་དང་། འཛམ་གླིང་ནོར་གནག་གི་གསོ་ཁ་ན་ཡོད་ཚད་ཀྱི་བརྒྱ་ཆའི་སོ་བཞི་ཟིན་ཡོད། བོད་ལུག་གསོ་ཁ་ན་ཡོད་པའི་གྲངས་ཀ་བྱེ་བ་གཅིག་དང་ས་ཡ་བཞི་ཡོད་པ་དང་། རྒྱལ་ཡོངས་ཀྱི་བོད་ལུག་གསོ་ཁ་ན་ཡོད་ཚད་ཀྱི་བརྒྱ་ཆའི་ཞེ་དྲུག་ཟིན་ཡོད།
འོན་ཀྱང་། རང་ཞིང་གི་རང་བྱུང་རྩྭ་སའི་སྐྱེ་ཁམས་གནོན་ཤུགས་ཅུང་ཆེ་བ་དང་། འབྲོག་ཁུལ་མང་ཆེ་ཤོས་སུ་རྩྭ་སྔོན་ཟ་བའི་དུས་ཡུན་ཐུང་བས། འཚོ་བཅུད་མི་འདང་བ་སོགས་ཀྱིས་མོ་ཕྱུགས་ཀྱི་གསོ་སྤེལ་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཕྱུགས་ལས་ཀྱིས་རྒྱ་ཆེའི་འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱེད་མི་ཐུབ་པས། མི་དང་རྩྭ་ས། ཕྱུགས་ཟོག་གི་འགལ་བ་སྔར་ལས་འབུར་ཐོན་དུ་འགྲོ་བཞིན་ཡོད།
ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གཏིང་ཟབ་ཏུ་སྐུལ་འདེད་བྱས་པ་དང་བསྟུན་ནས