བོད་ཁུལ་བྱ་བ་ལེགས་སྒྲུབ་བྱེད་དགོས་ན། གནད་འགག་ནི་ཏང་ལ་ཐུག་ཡོད། གནད་འགག་ནི་མི་ལ་ཐུག་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་བྱ་བའི་གྲོས་ཚོགས་ཐོག་བསྟན་དོན། མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱ་དགོས་ན། སྔར་ལས་ལྷག་པར་གཞི་རྩ་བརྟན་པོར་གཏོང་བ་དང་མི་རིགས་མང་བའི་ས་ཁུལ་གྱི་ཏང་གི་སྲིད་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུས་གཟབ་ནན་སྒོས་འགན་འཁྲི་དངོས་འབེབས་བྱ་དགོས་པ་དང་། མགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱ་དགོས། ཞིང་ཆེན་ཐད་གཏོགས་ཀྱི་སྡེ་ཁག་སོ་སོས་རང་རང་གི་ལས་འགན་དང་དུ་བླངས་ནས་ཕན་ཚུན་ལ་རོགས་རམ་བྱེད་པ་དང་། མཉམ་དུ་བོད་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ལ་སྐུལ་འདེད་བྱེད་པའི་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།
ཡུལ་བབ་དང་བསྟུན་ནས། བོད་ཁུལ་གྱི་བྱ་བ་མཐུན་སྦྱོར་ངང་སྐུལ་འདེད་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུན་མོང་གི་རང་བཞིན་ལྡན་པར་མ་ཟད། དམིགས་བསལ་གྱི་རང་བཞིན་ལྷག་ཏུ་ལྡན་པས། ངེས་པར་དུ་སྤྱི་ཡོངས་འཆར་འགོད་དང་རིགས་དབྱེ་མཛུབ་སྟོན་བྱ་དགོས། ཞིང་ཆེན་ཡོངས་དང་བོད་ཁུལ་གྱི་གཅིག