ཟླ་དགུ་བར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བྲག་དམར་ཞང་དུ་སྟོན་རླུང་བསིལ་བསིལ་དུ་ལྡང་ལ། བློན་པོ་རིའི་འདབས་ཀྱི་རྩྭ་ཐང་གི་སྦྲ་གུར་དུ་བྲག་དམར་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱིས་ཞང་སྲིད་གཞུང་གིས་ཞང་དམངས་ཆེན་འཐུས་མིས་གྲོས་གཞི་ཐག་གཅོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།
བྲག་དམར་ཞང་ནི་ཐེམ་ཆེན་རྫོང་མཁར་གྱི་བྱང་རྒྱུད་ནས་སྤྱི་ལེ་སོ་བཞིའི་མཚམས་སུ་ཆགས་ཡོད་པ་དང་། བོད་རིགས་གཙོ་བོ་ཡིན་པའི་ཕྱུགས་ལས་རྐྱང་བ་གཉེར་བའི་ཞང་ཞིག་ཡིན་ལ། ཞང་ཡོངས་སུ་སྡོམ་པས་སྐབས་བཅུ་བའི་དམངས་ཆེན་འཐུས་མི་ཉེར་ལྔ་ཡོད།ད་ལོ་ལོ་ཞེ་བརྒྱད་ལ་སོན་པའི་ཞང་དམངས་ཆེན་འཐུས་མི་ཀླུ་བྷ་ནི་བྲག་དམར་ཞང་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭའི་ལས་བཟོ་བ་ཞིག་ཡིན་ལ། ཁོང་དང་ལག་རྩལ་འགོ་ཁྲིད་པ་མི་བཞིས་མཉམ་དུ་མི་རིགས་གྱོན་ཆས་བཟོ་གྲྭ་བཙུགས་པ་ཡིན། ད་ལོའི་ཟླ་བདུན་པར་གསར་དུ་བཙུགས་པའི་མུས་གྲུ་བཞི་མ་ཉིས་བརྒྱ་ཅན་གྱི་བཟོ་ཁང་དེ་ཐོན་སྐྱེད་ཁྲོད་ཞུགས་ཤིང་། ཟླ་གཉིས་ལྷག་གི་རིང་། བྲག་དམར་ཞང་མི་རིགས་གྱོན་ཆས་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་བོད་ཀྱི་རྒྱན་གོས་དང་སྲབ་མཐུར། རྟ་སྒ་སོགས་མི་རིགས་ཀྱི་ཁྱད