མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་སྔོན་མ་བྱས་ནས་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། རྩྭ་ཐང་གི་ཁྱད་ཆོས་ལྡན་པའི་མཁར་གྲོང་གི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བ་དང་། མི་གྲངས་དང་ཐོན་ཁུངས། མ་དངུལ་སོགས་གཅིག་བསྡུས་བྱེད་པ་སྐུལ་ཁྲིད་བྱས་པས། དངོས་གནས་མཁར་གྲོང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་བཏང་།
མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་རྫོང་སོ་སོའི་རྫོང་མཁར་འཛུགས་སྐྲུན་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སོ་གཅིག་གྲངས་ཆུང་ལྔ་ལྷག་ཡོད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཅིག”པའི་དུས་མཇུག་ལས་སྤྱི་ལེ་གྲུ་བཞི་མ་དགུ་དང་གྲངས་ཆུང་བརྒྱད་འཕར་ཡོད། མཁར་གྲོང་ཅན་དུ་བསྒྱུར་ཚད་ཡང“ལོ་ལྔའི་འཆར་གཞི་བཅུ་གཅིག”པ་ལས་བརྒྱ་ཆའི་གྲངས་ཐིག་བཅུ་བཞི་གྲངས་ཆུང་བཞི་འཕར་ཏེ། བརྒྱ་ཆའི་ཞེ་གཉིས་གྲངས་ཆུང་དགུ་ལ་སླེབས་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་དུ་ཐོན་པ་ན། བགྲོད་ལམ་དང་མཁར་གྲོང་གི་དྲ་བ་དོ་དམ། སྤྱིལ་ཁྱིམ་ས་ཁུལ་སོགས་བསྒྱུར་བཀོད་བྱས་ཏེ་རྣམ་པ་རྙིང་བ་གསར་བར་བསྒྱུར་བས། མཁར་རྙིང་ས་ཁུལ་ཡང་འཆར་འགོད་གསར་བ་གཞིར་བཟུང་ནས་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་གྱི་སྡོ