$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2015.12.15 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་ཚོས་མཉམ་དུ་ཞིབ་འཇུག་བྱས་ཏེ་བྲིས་པའི་བོད་ལྗོངས་ཀྱི་མཐོ་སྒང་ལ་ཁྱོན་ཡོངས་ནས་ཚན་རིག་དཔྱད་འཇོག་བྱས་པའི་སྙན་ཞུ་ཐོག་མ་ཁྱབ་བསྒྲགས་བྱས།

སྙན་ཞུའི་ནང་དུ་ནམ་ཟླ་དང་། ཆུ། སྐྱེ་ཁམས་མ་ལག སྐམ་སའི་ཁོར་ཡུག མིའི་རིགས་ཀྱི་བྱ་འགུལ་གྱི་ཤུགས་རྐྱེན། གནོད་འཚེའི་ཉེན་ཁ་སོགས་ཀྱི་ཕྱོགས་དྲུག་དང་འབྲེལ་བའི་དྲོད་ཚད་དང་ཆར་ཆུ། འཁྱགས་རོམ། འཁྱགས་ཀླུང་། མཚེའུ་སོགས་ཀྱི་དམིགས་ཚད་ཉེར་དྲུག་ནས་བོད་ལྗོངས་མཐོ་སྒང་གི་འདས་ཟིན་པའི་ལོ་ངོ་སྟོང་གཉིས་ནས་མ་འོངས་པའི་ལོ་ངོ་བརྒྱ་བར་གྱི་ཁོར་ཡུག་འགྱུར་ལྡོག་ལ་ཕྱོགས་བསྡུས་དཔྱད་འཇོག་བྱས་པ་དང་། དེ་ལས་ཐོབ་པའི་སྤྱིའི་སྡོམ་ཚིག་ནི་བོད་ལྗོངས་ཀྱི་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྤྱི་ཡོངས་ནས་ཇེ་བཟང་དུ་སོང་ཡོད་པ་དེ་རེད།

ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ལྷག་ཡོད་པ་དང་། ཆེས་མཐོ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་བརྒྱད་སྟོང་བརྒྱད་བརྒྱ་ཡོད་པའི་བོད་ལྗོངས་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་སྟེ་མདོ་དབུས་མཐོ་སྒང་གི་ལྟེ་བ་ཡིན་པ་དང་། ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་སོགས་གཙ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།