ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་བོད་ཁུལ་གྱི་སྐྱེ་ཁམས་བརྟན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། བོད་ཁུལ་གྱི་འབྲོག་པའི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཐོབ་ཡོད་ལ། རོང་འབྲོག་པའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་པ་དང་། སྡོད་ཁང་དང་འགྲིམ་འགྲུལ། རིག་གནས་ཤེས་བྱའི་ཆུ་ཚད་སོགས་ལ་མཐོར་འདེགས་ཆེན་པོ་འབྱུང་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་གཞིགས་ཏེ་རོང་འབྲོག་པའི་སེམས་སུ་ཟུག་ཡོད། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཀྱི་ཁྲོད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། རོང་འབྲོག་པ་མང་པོ་ཞིག་གིས་འབད་པ་ཆེན་པོ་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་མྱོང་བྱེད་ཀྱིན་ཡོད།
རང་ཞིང་གི་རྨ་ལྷོ་དང་མཚོ་ལྷོ། ཡུས་ཧྲུའུ་སོགས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པའི་ཞིང་སྡེ་གསར་བ་རུ། དུས་རྒྱུན་མཐོང་ཐུབ་པ་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་གསར་ཡིན་ལ། ནོར་ལུག་རྣམས་རྩྭ་ཐང་དུ་ཁྱུ་དང་ཁྱུ་བྱས་ཏེ་བག་ཕེབས་སྒོས་རྩྭ་ཟ་བཞིན་པའི་སྣ