ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི། རང་ཞིང་གི་དམངས་སྲིད་ལས་དོན་གྱི་གྲོན་དངུལ་གཏོང་ཚད་ཆེས་མང་ཞིང་འཕེལ་རྒྱས་ཀྱི་གོམ་སྟབས་ཆེས་མགྱོགས་པ། ཞབས་ཞུ་ཆེས་ལེགས་ཤིང་མང་ཚོགས་ལ་ཕན་ཁེ་ཆེས་མང་པོ་ཐོབ་པའི་ལོ་ལྔ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ལྔ་ཡང་ཡིན།
གཞི་རྩའི་དམངས་འཚོ་འགན་སྲུང་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་དམངས་སྲིད་ལས་དོན་ཐད་གྲོན་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་གོ་གཅིག་ལྷག་བཏང་ཞིང་། དེའི་ནང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཐད་བཏང་བའི་གྲོན་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་བཞི་བཅུ་ལྷག་ཏུ་བསླེབས། མཁར་གྲོང་གི་སྤྱི་ཚོགས་རོགས་སྐྱོབ་དང་དམངས་སྲིད་འགན་སྲུང་ཆུ་ཚད་མངོན་གསལ་དུ་མཐོར་འདེགས་བྱུང་། ཞིང་ཆེན་ཡོངས་ཀྱི་རྒྱུན་ལྡན་རང་བཞིན་གྱི་རོགས་སྐྱོབ་བྱ་ཡུལ་མི་གྲངས་ཁྲི་གོ་གསུམ་ལྷག་ཏུ་བསླེབས་ཏེ། སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་དྲུག་ཟིན་པ་དང་། རིམ་བསགས་ཀྱིས་གནོད་ཐེབས་མང་ཚོགས་མི་ཐེངས་ཁྲི་བརྒྱད་བརྒྱ་དང་དོན་ལྔར་རོགས་སྐྱོར་བྱས། ལོ་བསྟུད་མར་དམངས་སྲིད་རོགས་སྐྱོབ་འགན་སྲུང་གི་ཚ