“མཚེའུ་སྟོང་ལྡན་རྫོང”ཞེས་འབོད་པའི་རྨ་སྟོད་རྫོང་གི་མཚེའུ་རྣམས་སླར་ཡང་ཇེ་མང་ལ་འགྲོ་བཞིན་པའི་ཡུལ་ལྗོངས་ཡིན་པ།
ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་ལས་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།
མཚོ་སྔོན་ཞིང་ཆེན་གྱི་དབུས་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ནས་4800བར་ཡོད་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་།རྨ་ཆུ།རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པ་དེར“ཀྲུང་ཧྭའི་ཆུ་མཛོད”ཞེས་འབོད་ཀྱིན་ཡོད།
རྒྱལ་ཁབ་ཀྱིས་བྱ་སྤྱོད་གལ་ཆེན་གཙང་གསུམ་འབྱུང་ཡུལ་དུ་སྤེལ་དོན་གང་ཡིན་ནམ་ཟེར་ན།དེ་ནི་འདས་ཟིན་པའི་ལོ་ངོ30ཡི་ནང་སྐྱེ་ཁམས་ཇེ་སྡུག་ཏུ་སོང་ནས“ཀྲུང་ཧྭའི་ཆུ་མཛོད”ལ་གནོད་པ་ཚབས་ཆེན་ཐ
