2015ལོ་ནི་མཚོ་སྔོན་ལ་མཚོན་ན་ལོ་རྒྱུས་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བའི་ལོ་ཞིག་ཡིན།
མཚོ་སྔོན་ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས། འབད་བརྩོན་སྒོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་བསྐྲུན།
མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་དང་གཙང་གསུམ་མགོ་ཁུངས། མཐོ་སྒང་གི་སྐྱེ་དངོས་སྣ་མང་གཅིག་བསྡུས་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད་པར་མ་ཟད། ལས་འགན་ཡང་ཧ་ཅང་ལྕི།
2015ལོར་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གོམ་པ་གསར་བ་སྤོས།
2015ལོའི་ཟླ་གསུམ་པར། མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ས་གནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་འཛུགས་དང་པོ«མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག»དངོས་སུ་ལག་བསྟར་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་གྱི་འགྲོ་ལམ་དུ་བསྐྱོད་པའི་གོམ་རིམ་གལ་ཆེན་ཞིག་ཡིན