མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཡོད་ལ། རང་བྱུང་རྩྭ་ས་མུའུ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གཅིག་ཡོད་པ་དང་། ས་ཁུལ་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་དགུ་ལྷག་ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བདུན་ཅུ་གྲངས་ཆུང་གཉིས་ཟིན་ཡོད། ཁྱད་པར་ཅན་གྱི་སྐྱེ་ཁམས་ཁོར་ཡུག་དེས་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བ་དང་ཁྱད་པར་ཅན་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་བསྐྲུན་ཡོད་ལ། “མཐོ་འཁྱག་གི་རང་བྱུང་སྐྱེ་དངོས་འདེབས་འཛུགས་ཀྱི་ཐོན་ཁུངས་མཛོད”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་མཚོ་ངོས་ལས་མཐོ་བ་དང་ཁ་དབུགས་ཧ་ཅང་འཁྱག་པས། རྩྭ་སར་གནོད་པ་ཞིག་ཐེབས་ཚེ། མིས་ཐབས་ཀྱིས་སྔོན་གྱི་རྩྭ་སའི་རྣམ་པ་ཇི་བཞིན་སླར་གསོ་བྱེད་མི་ཐུབ། ཁྱད་པར་ཅན་གྱི་ས་ཁམས་དང་རང་བྱུང་ཆ་རྐྱེན་འོག ལོ་ངོ་མང་པོའི་རིང་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རང་བྱུང་གནོད་འཚེ་མང་པོ་བྱུང་བ་དང་། ཁྱད་པར་དུ་ཉེ་བའི་ལོ་སུམ་ཅུའི་རིང་ལ། ཨ་བྲའི་གནོད་འཚེ་ལོ་རེ་ནས་ལོ་རེར་ཚབས་ཆེན་རེད།
དང་པོ། ཨ་བྲ་ནི་གཙང་གསུམ་འབྱུང་ཡུལ་དུ་གནོད་པ་གཏོང་མཁན་གཙོ་བོ་