2016ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་གཞུག་ཏུ་དམངས་ཚིས་སྔོན་མ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་དང་། ཁུལ་ནོར་སྲིད་ཀྱི་བརྒྱ་ཆའི་དོན་ལྔ་ཡན་གྱི་ནོར་ཤུགས་གཅིག་བསྡུས་བྱས་ནས། ཤུགས་ཆེན་པོས་མང་ཚོགས་ལ་ཐད་ཀར་འབྲེལ་བའི་དམངས་ཚིས་གནད་དོན་ཐག་གཅོད་དང་། དམངས་ཚིས་དོན་དངོས་ཆེན་པོ་བཅུ་ལེགས་པོར་སྒྲུབ་ནས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་རེད།
གཅིག་ནས་ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བྱེད་རྒྱུ་ཡིན་པ། གོམ་གང་མདུན་སྤོས་སྒོས་མགོ་ཁྲིད་ལ་ཤུགས་སྣོན་དང་སྟོབས་ཤུགས་ཧྲིལ་བསྡུས། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གནད་འཁེལ་དབྱེ་འབྱེད་བྱ་བ་ལེགས་པོར་སྒྲུབ་པ། ཁྱོན་ཡོངས་ནས་དབུལ་ཕོངས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པའི་དུས་མཚུངས་སུ། མི་འདང་ས་འཚོལ་ཞིབ་བྱས་ཏེ་ཐག་གཅོད་བྱེད་པ་དང་། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གསུམ་ལྷག་དངོས་འབེབས་བྱས་ཏེ། སྡེ་བ་ཧྲིལ་བོ་བྱས་ནས་སྐུལ་འདེད་དང་ཐོན་ལས་དབུལ་སྐྱོར། བོད་ཁུལ་དུ་མུ་འབྲེལ་གསར་སྤེལ། ས་གཞན་དུ་དབུལ་སྐྱོར་གནས་སྤོར། སྦྲང་ཆར་འཆར་གཞ