ཉེ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དྲུག་གི་འཐུས་ཚབ་པ་དང་། ཞང་གྲོང་ཁ་ཤས་ཀྱི་ཕྱུགས་ལས་ཐད་འགན་འཁུར་ཡོད་པའི་མགོ་ཁྲིད་པ། མཚོ་སྔོན་སློབ་གྲྭ་ཆེན་མོའི་ཕྱུགས་ལས་ཐོན་འབྲས་ཇེ་མཐོར་གཏོང་པར་ཁྲིད་སྟོན་བྱེད་པའི་ཆེད་མཁས་པ། མདོ་ལ་རྫོང་ཞིང་ཕྱུགས་ཚན་རྩལ་དབུལ་སྐྱོར་གསར་སྤེལ་ཀུང་ཟིའི་མགོ་ཁྲིད་པ་དང་ཚན་ཁག་སོ་སོའི་མི་སྣ་དང་བཅས་མཉམ་དུ་འཛོམས་ཏེ། མཉམ་ལས་ཁང་ལ་འཆར་འགོད་བཟོ་ཆེད་ཉིས་སྟོང་བཅུ་དྲུག་ལོའི་ཐོན་སྐྱེད་བདག་གཉེར་འཆར་གཞིའི་ཐད་ཀྱི་གྲོས་བསྡུར་ཚོགས་འདུ་བསྡུས།
གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། རིགས་སོ་སོའི་མི་དམངས་མཉམ་དུ་ཕྱུག་པོ་ཡོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་དགོས་ངེས་ཀྱི་རེ་སྙེག་ཡིན།
མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་གོ་གནས་གལ་ཆེན་དུ་བཞག་པས། ཐེངས་འདིའི་གྲོས་བསྡུར་ཚོགས་འདུ་ནི་དེའི་གྲས་ཀྱི་ལག་རྗེས་ཆུང་ཆུང་ཞིག་ཡིན།
བརྙན་བསྐྱེད་འཕྲུལ་ཆས་ལས