ཉེ་སྔོན། གསར་འགོད་པ་འབྲི་ཆུའི་འབྱུང་ཡུལ་དུ་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་བཅར་འདྲིར་ཕྱིན། གསར་འགོད་པ་འབྲི་སྟོད་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ལྷག་སོང་མཐར། སྟོད་ཚེ་ཞང་གི་ནས་ཆགས་སྡེ་བར་ཐོན། ས་དེ་ནས་འབྲི་སྟོད་རྫོང་མཁར་བར་སྤྱི་ལེ་ལྔ་བཅུ་ཙམ་ལས་མེད།
ཆོས་སྒྲོན་གྱིས་ཁ་བར་མི་འཛེམ་པར་ཁོ་དང་མཉམ་དུ་ཕྱུགས་རྫི་བྱེད་མཁན་ད་རུང་ནས་ཆགས་སྡེ་བའི་འབྲོག་ཁྱིམ་གཉིས་ཡོད། ཆོས་སྒྲོན་དང་འབྲོག་ཁྱིམ་གཉིས་ཀྱི་འབྲོག་པ་ཚང་མ་ནས་ཆགས་སྡེ་བ་ཕྲ་དབང་མཚོ་མེ་ལུང་ཕྱུགས་ལས་མཉམ་ལས་ཁང་གི་ཁོངས་མི་ཡིན།
2012ལོར་སྲིད་གཞུང་གིས་རོགས་སྐྱོར་བྱས་འོག་ནས་ཆགས་སྡེ་བའི་འབྲོག་པ་བོད་པ་བཀྲ་བཟང་གིས་དངུལ་བུན་སྒོར་འབུམ་གསུམ་བསྐྱིས་ནས་སྡེ་བའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་བཅོ་ལྔ་དང་མཉམ་དུ་རྩྭ་ས་མུའུ་འབུམ་གཅིག་ཁྲི་ལྔ་དང་ནོར་ཆིག་བརྒྱ་ལྔ་བཅུ། ལུག་ཉིས་བརྒྱ་ལྔ་བཅུ་བཅས་ཧྲིལ་བསྡུས་བྱས་ཏེ། ཕྲ་དབང་མཚོ་མེ་ལུང་ཕྱུགས་ལས་བདག་གཉེར་མཉམ་ལས་ཁང་བཙུགས། དེ་ནས་བཟུང་ཕྱུགས་ལས་འཕེལ་སྟངས་བསྒྱུར་བའི་འཕེལ་རྒྱས་ཀྱི་ལམ་དུ་ཆས།
ཕྲ་དབང་མཚོ་མེ་ལུང་ཕྱུགས་ལས་བདག་གཉེར་མཉམ་ལས་ཁང་བཙུགས་མ་ཐག་པའི་ནོར་ཆིག་བརྒྱ་ལྔ་བཅུ་དང་ལུག་ཉིས་བརྒ