མི་མང་པོ་ཞིག་གིས་ལོ་རེའི3.15ནི་འཛད་སྤྱོད་པ་རང་ཉིད་ཀྱི་དུས་ཆེན་དུ་རྩི་བཞིན་ཡོད། རྒྱུན་མཚན་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད། ང་ཚོ་ཚང་མ་འཛད་སྤྱོད་པ་ཡིན་ལ། ང་ཚོའི་འགྲོ་འདུག་སྤྱོད་གསུམ་གང་ཡང་འཛད་སྤྱོད་དང་འབྲལ་ཐབས་མེད་པས་རེད།
འཛད་སྤྱོད་བྱེད་རྒྱུ་ནི་བལྟས་ན་ཧ་ཅང་སླ་མོ་ཞིག་སྟེ། སྒོར་མོ་སྤྲད་དེ་དངོས་པོ་ཉོ་རྒྱུ་དེ་ཡིན་ལ། གཅིག་གིས་སྒོར་མོ་སྤྲད་རྗེས་གཅིག་གིས་དངོས་པོ་སྤྲད་པས་ཆོག ཡིན་ན་ཡང་འདི་དག་ལས་གཞན་ད་རུང་མི་རྣམས་ཀྱིས་འཛད་སྤྱོད་བྱེད་པའི་སྐབས་སུ་སྤྲད་པ་ནི་ད་རུང་ཡིད་ཆེས་དང་བརྩི་བཀུར་ཡིན་པས། ཚང་མས་ཁ་ཏན་ཚིག་གནས་བྱེད་པའི་འཛད་སྤྱོད་ཁོར་ཡུག་ཅིག་ལ་རེ་བཞིན་ཡོད། འཛད་སྤྱོད་ཁྱབ་ཁོངས་སུ་རྣམ་པ་གསར་བ་དང་ཐབས་ལམ་གསར་པ་མང་པོ་བྱུང་བ་དང་བསྟུན་ནས། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཕྱོགས་ནས་ཀྱང་ཉམས་སད་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་ཡོད།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཐོག་མར་འཛད་སྤྱོད་ཀྱིས་འཕར་སྣོན་ཐད་ཐེབས་པའི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཀྲུང་དབྱང་གི་ཡིག་ཆའི་ནང་དུ་བཀོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་ནང་མ་འོངས་པའི་འཛད་ས