གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱ་བ་ལོ་བཅུ་རིང་བསྟུད་མར་ལག་བསྟར་བྱས་པས། སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མངོན་གསལ་ཐོབ།
2015ལོར། ཀྲུང་གོ་ཚན་རིག་གླིང་གི་ཕྱོགས་གསུམ་པས་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་གནས་ཚུལ་ཐོག་མར་བཀག་འགོག་བྱས་པ་དང་སྐྱེ་ཁམས་མ་ལག་ཞབས་ཞུའི་ནུས་པ་ཇེ་མཐོར་སོང་ཞིང་། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་འགོད་ཁུལ་གྱི་སྐྱེ་ཁམས་གནས་ཚུལ་མངོན་གསལ་གྱིས་ཇེ་བཟང་དུ་འགྲོ་བཞིན་ཡོད།
ཚན་རིག་ལྟར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། “རྩྭ་ཆུ་ལྗང་གསུམ་འཕར་བའི”དམིགས་འབེན་མངོན་འགྱུར་བྱུང་སྟེ། ལོ་བཅུའི་རིང་དུ་ཆུའི་ཐོན་ཁུངས་ཧ་ལམ་སྨི་གྲུ་བཞི་མ་དུང་ཕྱུར་བརྒྱད་ཅུ་འཕར་སྣོན་བྱུང་ཞིང་། ཆུའི་སྤུས་ཚད་བཟང་བ་སྲུང་འཛིན་བྱས་པ་དང་། རྨ་ཆུའི་འབྱུང་ཡུལ་གྱི“མཚེའུ་སྟོང”གི་བརླན་ས་ཁྱོན་ཡོངས་ནས་སླར་གསོ་བྱེད་མགོ་བརྩམས། 2004ལོ་དང་བསྡུར་ན། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་སྣ་ཚོགས་ཀྱི་ཁེབས་ཚད་ཆ་སྙོམས་བྱས་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་འཕར་བ་དང་། རྩྭའ