རྐང་ཚ་རྫོང་གི་ཉིན་ཕྱུག་སྡེ་བ་ནི་མཚོ་སྔོན་པོའི་བྱང་ཕྱོགས་སུ་གནས་པའི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་སུ་ཏང་ཡོན་ཉེར་གཅིག་ཡོད། ཉེ་བའི་ལོ་འགའི་རིང་དུ་ཉིན་ཕྱུག་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་གི་གཞི་རིམ་རྩ་འཛུགས་དེ་གཙོ་གནད་དུ་བཟུང་ནས། ཏང་འཛུགས་སྐྲུན་དང་དམངས་ཕྱུག་དམངས་ཕན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་ཁྲིད་བྱས་པས། ཉིན་ཕྱུག་སྡེ་བར་ཐུན་མོང་གི་དཔལ་འབྱོར་དར་རྒྱས་སུ་འགྲོ་བའི་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འཕར་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ། སྡེ་དམངས་བར་འཆམ་མཐུན་མཐུན་སྒྲིལ་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་སུ་བཅུག ཉིན་ཕྱུག་སྡེ་བས་སྔ་གཞུག་ཏུ“རྒྱལ་ཡོངས་ཀྱི་དམངས་གཙོས་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”དང“ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བའི”གཟི་བརྗིད་མཚན་སྙན་ཐོབ།
ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་གྱུར་བ།
ཉིན་ཕྱུག་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གིས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།“སྡེ་བའི་ཏང་