མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་དབུས་ཁུལ་དུ་ཡོད་ལ། རང་བྱུང་རྩྭ་ས་མུའུ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གཅིག་ཡོད། དེས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་རེ་ལྔ་དང་གྲངས་ཆུང་དགུ་བཞི་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་གཉིས་ཟིན་ཡོད། ཐུན་མོང་མིན་པའི་སྐྱེ་ཁམས་ཁོར་ཡུག་གིས་འཛམ་གླིང་གི་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རྩྭ་སའི་སྐྱེ་ཁམས་མ་ལག་ཅིག་ཆགས་སུ་བཅུག་པས། སྐྱེ་དངོས་རང་བྱུང་རིགས་ཀྱི་ཐོན་ཁུངས་བང་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་མཚོ་ངོས་ལས་མཐོ་ལ། གནམ་གཤིས་འཁྱག་པས། ས་ངོས་ཀྱི་སྔོ་ཁེབས་ལ་གཏོར་བརླག་ཐེབས་ཚེ། མིའི་ཐབས་ཀྱིས་གདོད་མའི་སྔོ་ཁེབས་སླར་གསོ་བྱེད་ཐབས་བྲལ། ཐུན་མོང་མ་ཡིན་པའི་ས་བབ་དང་རང་བྱུང་ཆ་རྐྱེན་འོག ལོ་མང་པོའི་རིང་ལ་གཙང་གསུམ་འབྱུང་ཡུལ་ལ་རང་བྱུང་གནོད་འཚེ་གང་མང་བྱུང་འདུག ལྷག་པར་དུ་ཉེ་བའི་ལོ་ངོ་སུམ་ཅུའི་རིང་ལ། ཨ་བྲའི་རིགས་ཀྱི་གནོད་འཚེ་ལོ་རེ་བཞིན་ཚབས་ཆེན་དུ་གྱུར།
མཐོ་སྒང་གི་ཨ་བྲ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཆགས་གཙོ་བོ་ནང་གི་རིགས་གཅིག་ཡིན་པས། མཚོ་ངོས་ལས་མཐོ་ཚད་ལ་སྨིད་སྟོང་གསུམ་ཉི