ཉེ་ལམ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བཅས་དང་མཉམ་དུ«ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པར་ཐུགས་ཁུར་དང་སྐུལ་ལྕག་བྱ་རྒྱུར་སྔར་བས་ཤུགས་སྣོན་བྱེད་པའི་སྐོར་གྱི་བྱེད་ཐབས་བཅུ»བཟོས་པ་དང་འབྲེལ“འགན་ལེན་བཞི”དང་། “ཤུགས་སྣོན་བཞི”“དོན་འཁྱོལ་གཉིས”བཅས་བྱེད་ཐབས་ཁག་བཅུ་བཏོན་ཏེ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་)ལས་བྱེད་པའི་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་ལེགས་པོ་བྱས་པ་དང་འབྲེལ་ཁོ་ཚོ་གཞི་རིམ་དུ་གཞི་ཚུགས་རྒྱུར་འགན་ལེན་བྱས་པར་མ་ཟད། ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས།
“འགན་ལེན་བཞིར”བརྟེན་ནས་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ་དང་སེམས་ཁྲལ་སེལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་དབུལ་པོ་མང་ཆེ་བ་ཐག་རིང་ལུང་ཁུག་ཏུ་གནས་པར་བརྟེན་འཚོ་བར་དཀའ་ཁག་ཆེན་པོ་ཡོད། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་(གྲོང་ཚོར་བཅའ་སྡོད་) ལས་བྱེད་པ་མང་པ