ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཉིས་སློབ་གཅིག་བྱེད་བྱེད་སྒོའི་དམིགས་འབེན་ལག་ལེན་དོན་འཁྱོལ་ཡོང་ཆེད། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་མཛུབ་སྟོན་གལ་ཆེན་དང་། ཞིང་ཆེན་དང་ཁུལ་ཨུའི་ལས་དོན་བཀོད་སྒྲིག་ལྟར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་དུས་ཡུན་ལོ་གསུམ་གྱི་རིང་ལ་བྱེད་སྒོ་ཆེན་པོ་བརྒྱད་སྤེལ་རྩིས་ཡོད། བྱེད་སྒོ་འདི་སྤེལ་བ་བརྒྱུད་གུང་ཁྲན་ཏང་ཡོན་ཚད་ལྡན་ཅན་གྱི་སྣང་བརྙན་གསར་བཞེངས་དང་། ཞིང་འབྲོག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ། པདྨའི་ཉམས་མྱོང་ཇེ་ལེགས་ཇེ་བཟང་དུ་གཏོང་བ། གཞི་རིམ་མང་ཚོགས་ལས་དོན་གྱི་རྣམ་པ་གསར་འབྱེད་བཅས་བྱེད་དགོས།
གཅིག དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེལ་བ། རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་། གྲྭ་བཙུན་དང་སློབ་མ་ཡོངས་ལ་རྒྱལ་གཅེས། ཁྲིམས་སྲུང་། དྲིན་དྲན་གསུམ་བརྗོད་བྱ་བྱས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། རྒྱ་ཆེ་མང་ཚོགས་ཡོངས་ཀྱི་སྤྱི་དམངས་འདུ་ཤེས་དང་། ཁྲིམས་སྐྱོང་འདུ་ཤེས་དང་དྲིན་དྲན་འདུ་ཤེས་གོང་དུ་སྤེལ་བ་དང་། ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་བསམ་བློ་ཇེ་བརྟན་དུ་གཏོང་དགོས། དྲིལ་བསྒྲགས་ཟུར་ཁྲིད་ཀློག་དེབ་འགྲེམ་སྤེལ་དང་། གཙོ་གནད་དྲིལ་བསྒྲགས། དམིགས་བས