$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.16 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཉེ་ལམ། རང་ཞིང་གིས«སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱེད་པའི་ལག་བསྟར་བསམ་འཆར»འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་བྱེད་པའི་དམིགས་འབེན་འགན་འཁྲི་དང་སྲིད་ཇུས་བྱེད་ཐབས་གསལ་བོ་བྱས།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བརྒྱད་ལག་བསྟར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱེད་རྒྱུ་རེད།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོའི་ལས་ཁུངས་མཉམ་ལས་ལ་སྐུལ་འདེད་བྱེད་དགོས་པ། རྒན་གསོའི་ལས་ཁུངས་དང་ཉེ་འགྲམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་མང་པོ་མཉམ་འབྲེལ་བྱེད་པར་སྐུལ་མ་བྱས་ཏེ། མཉམ་སྒྲུབ་ནང་རྐྱེན་འཐུས་ཚང་ཞིག་འཛུགས་དགོས། དུས་ཚོད་གཏན་འཁེལ་བྱས་ཏེ་རྒན་པ་རྣམས་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་དང་། རྒན་གསོའི་ལས་ཁུངས་ཀྱི་ལོ་ལོན་རྣམས་སྨན་བཅོས་ལས་ཁུངས་སུ་ནད་བཅོས་བྱེད་དུ་འགྲོ་དགོས་ན། མཉམ་ལས་སྨན་བཅོས་ལས་ཁུངས་ཀྱིས་དུས་ལྟར་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྨན་བཅོས་ལས་ཁུངས་ལ་ཆ་རྐྱེན་ལྡན་ཚེ། རྒན་གསོའི་ལས་ཁུངས་ནས་སྨན་བཅོས་ཁང་བཙུགས་ཆོག་ལ། སྨན་ཁང་དུ་བསྡད་པའི་ལོ་ལོན་སྨན་ཁང་ནས་བུད་རྗེས་ཀྱི་ལུས་གསོ་བདག་སྐྱོང་བྱེད་ས་བྱས་ཆོག ཆ་རྐྱེན་ལྡན་པའི་རིམ་པ་གཉིས་པའི་ཡན་གྱི་ཕྱོགས་བསྡུས་སྨན་ཁང་། དེའི་ཁྲོད་ཀྲུང་ལུགས་དང་བོད་སྨན་གྱི་སྨན་ཁང་འདུ་ལ། དེ་དག་གིས་རྒན་གསོའི་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ། སྨན་བཅོས་དང་རྒན་གསོ་གཞི་གཅིག་ཅན་གྱི་བྱེད་ཐབས་སྣ་མང་བརྒྱུད་ནས། སྨན་བཅོས་དང་ལུས་གསོ། རྒན་གསོ། བདག་སྐྱོང་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རྒན་པ་རྣམས་ལ་ནད་གཞི་གསོ་བཅོས་དང་ལུས་གསོ་བདག་སྐྱོང་། འཚོ་བར་རོགས་རམ་དེ་མིན་ཚེ་མཇུག་གི་བྱ་བ་སྒྲུབ་པ་སོགས་བདེ་ཐང་དང་རྒན་གསོ་གཞི་གཅིག་ཡིན་པའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

རྒན་གསོའི་ལས་ཁུངས་ཀྱིས་སྨན་བཅོས་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། རྒན་གསོའི་ལས་ཁུངས་ཀྱིས་ཞབས་ཞུའི་དགོས་མཁོ་དང་རང་སྟེང་གི་ནུས་ཤུགས་གཞིར་བཟུང་ནས། རྒན་པ་ནད་བཅོས་བྱེད་སའི་སྨན་ཁང་དང་ལུས་གསོ་སྨན་ཁང་། བདག་སྐྱོང་བྱེད་ས་སོགས་སྒྲུབ་དགོས། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་དང་ཀྲུང་ལུགས་དང་བོད་སྨན་དོ་དམ་སྡེ་ཁག་གིས་སྲིད་ཇུས་ཀྱི་འཆར་འགོད་རྒྱབ་སྐྱོར་དང་ལག་རྩལ་གྱི་མཛུབ་སྟོན་ནུས་པ་ཤུགས་ཇེ་ཆེར་གཏོང་དགོས། རྒན་གསོའི་ལས་ཁུངས་ཀྱིས་བཙུགས་པའི་སྨན་བཅོས་ལས་ཁུངས་ནས། འཆར་འགོད་ལྟར་མཁར་གྲོང་གི་གཞི་རྩའི་སྨན་བཅོས་ཉེན་ཚབ་དེ་ཁྱབ་ཁོངས་ནང་ཚུད་པར་བྱེད་དགོས། ལས་གཉེར་སྨན་པ་རྒན་གསོའི་ལས་ཁུངས་ཀྱི་སྨན་བཅོས་ལས་ཁུངས་མང་པོར་སོང་ནས་ལས་གཉེར་བྱེད་པར་སྐུལ་མ་བཏང་སྟེ། འབྲེལ་ཡོད་ཀྱི་ཆེད་ལས་མི་སྣའི་སྨན་པ་དཀའ་བཅུ་བ་དང་། ཆེད་ལས་མི་སྣ་རྒན་གསོའི་ལས་ཁུངས་སུ་སོང་ནས་ནད་གཞི་སྔོན་འགོག་དང་། འཚོ་བཅུད། ཀྲུང་ལུགས་དང་བོད་སྨན་གྱི་གསོ་སྦྱོང་བྱས་ཏེ་ལུས་གསོ་སོགས་བདེ་ཐང་གི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

སྡོད་ཁུལ་དང་རྒན་པའི་བདེ་ཐང་། རྒན་གསོའི་ཞབས་ཞུ་བཟང་བོར་སྒྲུབ་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལ་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་སྡོད་ཁུལ་གྱི་རྒན་གསོ། ཁྱིམ་དུ་སྡོད་པའི་རྒན་པ་སོགས་རྒན་པ་རྣམས་ལ་ཞབས་ཞུའི་འབྲེལ་བ་འཛུགས་པར་སྐུལ་འདེད་བྱས་ཏེ། རྒན་པ་རྣམས་ལ་མུ་མཐུད་རང་བཞིན་གྱི་བདེ་ཐང་དོ་དམ་དང་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྨན་བཅོས་འགན་སྲུང་གི་སྲིད་ཇུས་གཏན་འཁེལ་དང་འཚམ་པའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་འགྲོ་གྲོན་ཁྱབ་ཁོངས་སུ་ཚུད་པར་བྱེད་དགོས།

སྤྱི་ཚོགས་ཀྱི་ནུས་པ་ལྟར་སྨན་བཅོས་དང་རྒན་གསོའི་ལས་ཁུངས་སྒྲུབ་པར་སྐུལ་མ་བྱེད་དགོས། སྤྱི་ཚོགས་ཀྱི་ནུས་པ་ལྟར་རྒན་པ་རྣམས་བདེ་ཐང་གིས་རྒན་གསོ་བྱེད་པའི་དགོས་མཁོ་སྐུལ་མ་བྱས་ནས། ཚོང་ར་ཅན་གྱི་འཁོར་སྐྱོད་རྣམ་པ་བརྒྱུད་དེ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ཡིན་པའི་ལས་ཁུངས་དང་དེ་མིན་རྒན་པའི་ལུས་གསོ་དང་། རྒན་པར་བདག་སྐྱོང་སོགས་ཆེད་ལས་སྨན་བཅོས་ལས་ཁུངས་སྒྲུབ་དགོས།

སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས། ས་གནས་རང་སྟེང་གི་གནས་ཚུལ་གཞིར་བཟུང་ནས། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་ཏེ། རྒན་པའི་ནད་ཀྱི་སྨན་ཁང་དང་ལས་གསོ་སྨན་ཁང་། རྒན་གསོ་བདག་སྐྱོང་ཁང་། ཚེ་མཇུག་གི་བྱ་བ་སྒྲུབ་སའི་ལས་ཁུངས་སོགས་གཅིག་གྱུར་སྒོས་འཛུགས་སྐྲུན་བྱས་ནས། སྤྱི་ཕན་སྨན་ཁང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཁ་ཤས་ཀྱིས་ཧུར་ཐག་དང་བརྟན་བརླིང་སྒོས་སྤྱི་ཕན་སྨན་ཁང་དེ་ལུས་གསོ་དང་རྒན་པ་བདག་སྐྱོང་སོགས་ཀྱི་རྒྱུན་མཐུད་སྨན་བཅོས་ལས་ཁུངས་སུ་བསྒྱུར་དགོས། མི་སྣ་དང་ཉལ་ཁྲི་ལྷག་མ་ཡོད་པ། སྨན་བཅོས་བྱེད་མཁན་ཉུང་བའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་ནས་རྒན་གསོའི་ཞབས་ཞུ་སྤེལ་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་དུས་ཡུན་རིང་བོར་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་ཉལ་ཁྲི་དེ་ལུས་གསོ་དང་བདག་སྐྱོང་ཉལ་ཁྲི་རུ་བསྒྱུར་ཆོག དགོས་མཁོ་ལྟར་རྒན་གསོ་བྱེད་ས་དང་ཚེ་མཇུག་གི་ཞབས་ཞུ་བྱེད་ས་བྱས་ཆོག རིམ་པ་གཉིས་པའི་ཡན་གྱི་ཕྱོགས་བསྡུས་སྨན་ཁང་གིས་རྒན་པའི་ནད་ཀྱི་ཚན་ཁག་དང་། རྒན་པའི་ནད་ལ་སྟོན་སའི་སྒོ་བསྟེན་ཁང་བཙུགས་ནས། རྒན་པའི་དལ་བའི་ནད་སྔོན་འགོག་དང་ལུས་གསོ་བདག་སྐྱོང་གི་བྱ་བ་བཟང་བོར་སྒྲུབ་དགོས། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒན་པར་བཀག་མེད་ལམ་ཡངས་བཙུགས་ནས། རྒན་པ་རྣམས་ལ་ཐོ་འགོད་དང་ནད་བཅོས། ཞག་སྡོད་སོགས་སྟབས་བདེའི་ཞབས་ཞུ་བསྐྲུན་དགོས།

ནུས་པ་མེད་པ་དང་དལ་བའི་ནད་ཀྱི་ལོ་ལོན་རྒན་པར་ལུས་གསོ་ཞབས་ཞུ་སྤེལ་བར་སྐུལ་འདེད་བྱེད་དགོས། རྒན་གསོའི་ཞབས་ཞུ་ལས་ཁུངས་སོ་སོའི་ལུས་གསོའི་སྒྲིག་ཆས་བཀོད་སྒྲིག་བྱས་ནས། ཕྱོགས་ཡོངས་ནས་ལུས་གསོའི་ཞབས་ཞུ་སྤེལ་དགོས།

ཀྲུང་ལུགས་དང་བོད་སྨན་གྱི་བདེ་ཐང་རྒན་གསོའི་ཞབས་ཞུ་སྤེལ་དགོས། ཀྲུང་ལུགས་དང་བོད་སྨན་གྱི་ལུས་གསོའི་ཞབས་ཞུ་སྤེལ་བར་སྐུལ་མ་གཏོང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་ལུགས་དང་བོད་སྨན་གྱི་བདེ་ཐང་རྒན་གསོའི་ཞབས་ཞུ་སྤེལ་དགོས། སྤྱི་ཚོགས་ཀྱི་ནུས་ཤུགས་ལྟར་ཀྲུང་ལུགས་དང་བོད་སྨན་གྱི་རྒན་གསོ་དེ་ཁྱད་ཆོས་ཡོད་པའི་བདག་སྐྱོང་ཁང་དང་། ལུས་གསོ་ཁང་སོགས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས་འཛུགས་དགོས། ཆ་རྐྱེན་ཡོད་པའི་རྒན་གསོའི་ལས་ཁུངས་སུ་རྒན་པའི་ནད་དང་། དལ་བའི་རང་བཞིན་གྱི་ནད་སྔོན་འགོག་གཙོར་ཡིན་པའི་ཀྲུང་ལུགས་དང་བོད་སྨན་བརྟག་བཅོས་ཁང་འཛུགས་པར་སྐུལ་མ་བྱས་ཏེ། རྒན་གསོའི་ལས་ཁུངས་སུ་ཀྲུང་ལུགས་དང་བོད་སྨན་བདེ་ཐང་དོ་དམ་འདུ་ཤེས་ཀྱི་རྒན་པའི་སྨན་བཅོས་དང་ལུས་གསོ། བདེ་ཐང་ཞབས་ཞུ་བཅས་སྤེལ་དགོས།

རིམ་པ་མང་བ་དང་དུས་ཡུན་རིང་བོར་བདག་སྐྱོང་འགན་སྲུང་གི་མ་ལག་བཙུགས་ནས། བདེ་ཐང་གི་རྒན་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། དུས་ཡུན་རིང་བོར་བདག་སྐྱོང་ཉེན་ཚབ་ལམ་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ནས། རྒན་པའི་དུས་ཡུན་རིང་བོའི་བདག་སྐྱོང་ཞབས་ཞུའི་དགོས་མཁོ་འགན་སྲུང་བྱེད་དགོས། གྲིབ་སྐྱོན་ཕོག་པའི་ཕྱོགས་བསྡུས་སྦྱོང་བརྡར་དང་། ངོ་འཛིན་ཚོར་བའི་ནུས་པ་སྦྱོང་བརྡར། ཉིན་རྒྱུན་གྱི་འཚོ་བའི་ནུས་པ་དཔྱད་བསྡུར་སོགས་སྨན་བཅོས་ལས་གཞི་དེ་གཞི་རྩའི་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་སྲིད་ཇུས་ཁྲོད་འཇོག་དགོས། ཚོང་ལས་ཉེན་ཚབ་ཀུང་ཟིའི་གསར་སྤེལ་དང་དུས་ཡུན་རིང་བོར་ཚོང་ལས་བདག་སྐྱོང་ཉེན་ཚབ་དང་རྒན་གསོའི་བདག་སྐྱོང་སྣ་ཚོགས། བདག་སྐྱོང་ཉེན་ཚབ་ཐོན་རྫས་གསར་སྤེལ་བྱས་ཏེ། ཧུར་ཐག་གིས་སྣ་མང་ཅན་གྱི་ཉེན་ཚབ་ཀྱི་མ་དངུལ་གྲབས་གསོག་རྣམ་པ་འཚོལ་ཞིབ་བྱས་ནས། རྒན་པའི་དུས་ཡུན་རིང་བོའི་བདག་སྐྱོང་ཞབས་ཞུའི་དགོས་མཁོ་འགན་སྲུང་བྱེད་དགོས། སྲིད་གཞུང་གིས་ཉོས་པའི་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རིམ་བཞིན་ཉོ་བའི་ཞབས་ཞུའི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས་ལ། རྒན་པའི་རྒན་གསོའི་བདག་སྐྱོང་ཞབས་ཞུ་བཟང་བོར་སྒྲུབ་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།