$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.18 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་ལོ་རྒྱུས་འཕེལ་རིམ་ཁྲོད་དོན་སྙིང་ཡོད་པ་ཞིག་རེད།
ན་ནིང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང་། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གཙང་གསུམ་འབྱུང་ཡུལ“ཀྲུང་གོའི་ཆུ་མཛོད” དེ་རྒྱལ་ཡོངས་དང་ཐ་ན་ཡ་གླིང་གི་སྐྱེ་ཁམས་གནས་ཡུལ་གལ་ཆེན་ཞིག་ཡིན། དེ་བས་གནས་དེའི་སྐྱེ་ཁམས་ས་གཤིས་ཀྱི་ཁྱད་པར་རང་བཞིན་དང་གལ་ཆེན་རང་བཞིན་གསལ་བོར་མཚོན་པ་དང་། དེ་ནི་གནས་དེའི་འཁྱགས་རོམ་དང་གངས་རི། ཆུ་མགོ་དང་ཆུ་ཕྲན། མཚེའུ་དང་བརླན་ས་སོགས་ཀྱི་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཁོ་ནར་སྲུང་སྐྱོབ་བྱས་ན་ཆོག་པ་ཞིག་མ་ཡིན་པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཇུས་གཞིར་གྲོས་ཞིབ་བྱས་ནས་ལག་བསྟར་བྱེད་པར་གྲོས་འཆམ་འབྱུང་བའི་ས་ཁུལ་ཡིན་པས། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ས་གནས་དེའི་འཛུགས་སྐྲུན་བྱ་བའི་ཆེས་མཐོ་སར་འཇོག་དགོས།

སྐྱེ་ཁམས་ནི་ཡུས་ཧྲུའུ་ཡི་སྲོག་རྩ་དང་ཡུས་ཧྲུའུ་འཕེལ་རྒྱས་སུ་གཏོང་བའི་གཞི་རྩ་ཡིན་ལ། དེ་ལས་ཀྱང་ཡུས་ཧྲུའུ་ཡི་གཟི་བརྗིད་རེད། ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས་གནས་འདི་རུ་རྒྱལ་ཡོངས་དང་ཐ་ན་ཡ་གླིང་གི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་ཡོད་པ་དང་། ཁྱབ་ཁོངས་འདིའི་ནང་དུ་འཛམ་གླིང་སྟེང་གི་གདོད་མའི་རྒྱ་ཁྱོན་ཆེ་བའི་མཐོ་སྒང་གྲང་འཁྱགས་ཀྱི་སྐྱེ་ཁམས་མ་ལག་ཡོད་པ་དང་དེར་ཆུའི་འབྱུང་ཁུངས་གསོ་བསོགས་ཀྱི་ནུས་པ་ལྡན་ལ། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་སྣ་མང་རང་བཞིན་ཅན་ལ་སྲུང་སྐྱོབ་བྱེད་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན། དེ་བས་གནས་དེར་མཐོ་སྒང་གྲང་ངར་ཆེ་བའི་རང་བྱུང་སྐྱེ་དངོས་ཀྱི་བང་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད།

ཡུས་ཧྲུའུ་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མིན་ཅཱ་ཡིས་འཚམས་སྦྱོར་བྱས་ནས་བཤད་རྒྱུར། རྫ་ཆུ་བརྒྱ་ཆའི་བཅོ་ལྔའི་ས་ངོས་ཀྱི་བཞུར་ཡུལ་དང་འབྲི་ཆུའི་བརྒྱ་ཆའི་ཉེར་ལྔའི་ཆུ་དང་རྨ་ཆུའི་བརྒྱ་ཆའི་བཞི་བཅུའི་ཆུ་བཅས་ཡུལ་ཧྲུའུ་ལ་ཁ་གསབ་བྱས་པ་དང་། ལོ་རེར་ཆུ་བོ་གསུམ་གྱིས་ཆ་སྙོམ་གྱིས་ཞིང་ཆེན་ལ་འདོན་སྤྲོད་བྱས་པའི་ཆུ་ལིས་མུས་རྒྱ་དཔངས་གྲུ་བཞི་མ་དྲུག་བརྒྱ་ཡས་མས་སུ་སླེབས།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་སྤྱིའི་འཆར་འགོད་ཀྱི་ལས་གཞི་ཉེར་གཉིས་ཁྲོད་དུ་ཡུས་ཧྲུའུ་ཡིས་ལས་གཞི་བཅུ་དྲུག་ལག་བསྟར་བྱས་པ་དང་། སྔ་གཞུག་ཏུ་སྐྱེ་ཁམས་གནས་སྤོར་ཐད་དུ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་བཏང་། ལས་གཞི་དེ་ཁྱིམ་ཚང་སྟོང་དྲུག་དང་ལྔ་བརྒྱ་དང་མི་ཁྲི་གསུམ་དང་སྟོང་གསུམ་ལ་འབྲེལ་བ་ཡོད་པ་དང་ཁང་པ་མུས་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དགུ་འཛུགས་སྐྲུན་བྱས། ཕྱུགས་སྒྱུར་རྩྭ་འདེབས་ཐད་དུ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བཏང་། ཕྱུགས་སྒྱུར་རྩྭ་འདེབས་ཀྱི་ལས་གཞི་དེ་ཁྱིམ་ཚང་ཁྲི་ལྔ་དང་སྟོང་དྲུག་ལ་འབྲེལ་བ་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་དྭགས་གཙོ་དེ་སྲུང་སྐྱོབ་མ་བྱས་པའི་སྔོན་གྱི་ཁྲི་གཉིས་ནས་ད་ལྟ་ཁྲི་དྲུག་ལ་སླེབས་པ་དང་། རོང་པོ་མཚོ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་དེང་ཐོག་གི་ཉེར་གཉིས་ནས་ད་ལྟ་ཉིས་བརྒྱ་ལ་སླེབས། ཁྲུང་ཁྲུང་མགོ་ཁྲ་ཇེ་མང་དུ་སོང་ནས་ཁྲི་གཅིག་ལ་སླེབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་སོང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀའང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད།

ཆུའི་འབྱུང་ཁུངས་ཀྱི་གསོ་བསོགས་ནུས་པ་ཇེ་ལེགས་དང་བརླན་སའི་རྒྱ་ཁྱོན་རྒྱ་སྐྱེད་པ། ཆུ་བོའི་བཞུར་རྒྱུན་ཇེ་མང་དུ་སོང་བ། རྩྭ་སའི་སྤང་ཤུན་སླར་གསོ་བྱས་ཚད་ཇེ་བཟང་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་བ། རོང་འབྲོག་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐོབ་པ་སོགས་གྲུབ་འབྲས་རབ་དང་རིམ་པ་དེས་དུས་ཡུན་ལོ་ངོ་བཅུ་ལྷག་གི་རིང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཡུས་ཧྲུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་ཐད་ནས་མིག་མཐོང་ལག་ཟིན་གྱི་གྲྲབ་འབྲས་བླངས་པ་མཚོན་ཡོད།
རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ས་ཁུལ་ཡིན་པའི་རྙོག་འཛིན་ཆེ་བའི་བཟོ་སྐྲུན་གྱི་ཚོད་ལྟ་ས་ཁུལ་དང་པོ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་ལ་བཟོ་ལྟའི་དཔེ་དབྱིབས་མེད་པ་དང་མཉམ་མྱོང་ལེགས་པོ་ཡང་མེད། འོན་ཀྱང་ས་གནས་དེའི་རོང་འབྲོག་མང་ཚོགས་ཀྱི་སེམས་སུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་མོ་ཡོད། ཡུས་ཧྲུའུ་ས་གནས་མང་ཚོགས་ཀྱི་བབ་ཆགས་ཀྱི་སྐད་ཆ་ལས་སྐྱེ་ཁམས་ནི་དམངས་ཚིས་ཡིན་པ་གསལ་བོར་རྟོགས་ཐུབ།

རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ལ་གཅེས་སྤྲས་བྱེད་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། རྨ་འབྲིའི་འགོ་ཁུངས་ཀྱི་ཞང་དང་པོ་སྟེ་གནམ་མཐའ་མཚམས་ཀྱི་བསོ་སྐྱ་ཞང་ནི་ཆེས་མཐའ་འཁོབ་དུ་གནས་པ་དང་ས་དེའི་འབྲོག་མི་རྣམས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་ནས་རྐྱང་ཆུ་སྡེ་བས་རི་སྐྱེས་སྲོག་ཆགས་རྐྱང་སྲུང་སྐྱོབ་བྱེད་སའི་ས་ཁུལ་དང་། མུག་ཆུ་སྡེ་བའི་འབྲོང་སྲུང་སྐྱོབ་བྱེད་པའི་ས་ཁུལ།  ཡག་ཆུ་ སྡེ་བའི་གངས་གཟིག་སྲུང་སྐྱོབ་བྱེད་པའི་ས་ཁུལ།  འདམ་ཆུ་སྡེ་བའི་གཙོད་སྲུང་སྐྱོབ་བྱེད་པའི་ས་ཁུལ་སོགས་སྲུང་སྐྱོབ་བྱེད་སའི་ས་ཁུལ་ཆེན་པོ་བདུན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ལོ་རེར་མཚོ་མཆོད་དང་སྐྱེས་རི་མཆོད་པ། རྟ་རྒྱུགས་སོགས་རྣམ་པ་མི་འདྲ་བ་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དྲིལ་སྒྲོག་དང་འདུ་ཤེས་ཆགས་སུ་འཇུག་བཞིན་ཡོད།

སྔོན་ཆད་བསོ་སྐྱ་ཞང་དུ་རྒྱང་རིང་ནས་རི་སྐྱེས་སྲོག་ཆགས་འབྲོང་འགའ་རེ་མཐོང་ཐུབ་ལ་དེ་དག་མིའི་གྲིབ་གཟུགས་ཙམ་མཐོང་མ་ཐག་བྲོས་འགྲོ་བ་ཡིན། དེང་སྐབས་བསོ་སྐྱ་ཞང་ནས་འབྲོང་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་ཀྱིས་རྒྱུ་བ་མཐོང་ཐུབ་ལ། དེ་དག་འབྲོག་ཁྱིམ་དག་གི་སྒོ་ཟོག་དང་འདྲེས་ཏེ་སོ་སོར་བགར་མི་ཐུབ་པའི་སྣང་ཚུལ་ཡང་མཐོང་ཐུབ། གནས་དེར་འབྲོང་གཅིག་པུ་མ་ཡིན་པར་ད་དུང་རྐྱང་དང་གཙོད། གཟིག་སོགས་རི་སྐྱེས་སྲོག་ཆགས་ཡང་སྔར་ལས་ཇེ་མང་དུ་སོང་ཡོད། བསོ་སྐྱ་ཞང་ཏང་ཨུའི་ཧྲུའུ་ཅི་རྟ་མགྲིན་ཚེ་རིང་གིས་དེ་དག་གསལ་བོར་བཤད་བྱུང་།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཉིས་སྟོང་བཅོ་ལྔ་ལོར། མཚོ་སྔོན་ཞིང་ཆེན་གྱིས་ས་གཤིས་དང་དངོས་ལུགས། ཡང་ན་མི་རྣམས་ཀྱི་སེམས་ཁམས་སོགས་ལས་བརྒལ་བའི་འཆར་གཞི་ཞིག་བཀོད་དེ་མཚོ་སྔོན་གྱི་ས་ཁོངས་དང་ཐོན་ཁུངས་ཀྱི་བརྒྱ་ཆའི་དགུ་བཅུར་ཚོད་འཛིན་བྱས་པ་དང་། གསར་སྤེལ་ས་ཁུལ་ཡང་ཚོད་འཛིན་བྱས་ནས་མཚམས་འཇོག་ཏུ་བཅུག་པ། ལྷག་པར་དུ་གཙང་གསུམ་འགོ་ཁུངས་ནས་སྐྱེ་ཁམས་བརླག་པའི་དཔལ་འབྱོར་གྱི་ཡོང་སྒོ་འཕར་སྣོན་བྱེད་པ་གཏན་འགོག་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་བསྟུན་ནས་ཡུས་ཧྲུའུ་ཁུལ་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཀྲན་མེན་གྱིས་ཤོག་ངོས་གཅིག་གཅིག་བྱས་ནས་ཚོད་ལྟའི་ཇུས་གཞི་བཏོན་པ་དང་ནན་ཏན་སྒོས་ཟིན་བྲིས་བཏབ། ཁོས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་དེ་ཡུས་ཧྲུའུ་ཡི་ཆེས་ཆེ་བའི་ཆབ་སྲིད་དང་ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་སྤས་ཤུགས། ཆེས་ཆེ་བའི་དམངས་ཚིས་བཅས་སུ་བརྩིས་ནས་འགོ་བཟང་བོ་ཞིག་རྩོམ་དགོས་པ་དང་ལག་བསྟར་བཟང་བོ་ཞིག་བྱེད་དགོས་པ་དེ་ཏང་ཡོན་དང་ལས་བྱེད་པ་ཚང་མའི་ཁྲོད་དུ་གཅིག་མཐུན་གྱི་འདུ་ཤེས་ཆགས་ཡོད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་སློབ་པ་དང་སྐྱེ་ཁམས་ཤེས་པ། སྐྱེ་ཁམས་ལ་དགའ་བ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བྱང་ཚད་བཟང་བོ་གྲུབ་པར་གསོ་སྐྱོང་བྱེད་བཞིན་ཡོད།

གོང་འོག་བར་གསུམ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གཙང་གསུམ་འབྱུང་ཡུལ་གྱི་ཚོད་ལྟའི་བྱ་བ་ལེགས་པོར་དགོས། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་བྱ་བ་འགོ་བཟང་བོ་ཞིག་རྩོམ་པ་དང་ལག་བསྟར་བཟང་བོ་ཞིག་བྱེད་རྒྱུ་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་རེ་བཅོལ་ནན་མོ་ཡིན་ལ། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་འདུན་ཡང་ཡིན། འགན་འཁྲི་འདི་ནི་ཡུས་ཧྲུའུ་ཡི་རིམ་པ་སོ་སོའི་རྩ་འཛུགས་དང་ལས་བྱེད་པའི་འདོར་ཐབས་མེད་པ་དང་ཡང་ན་སྣང་མེད་དུ་གཏོང་མི་རུང་བའི་འགན་འཁྲི་ལྗིད་མོ་ཞིག་རེད་ཅེས་ད་ལོར་གཏན་འཁེལ་བྱས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བ་འགོ་རྩོམ་པའི་ཞིབ་སྡུར་གྲོས་ཚོགས་སྟེང་། ཡུས་ཧྲུའུ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་བུའུ་ཏི་ཅོན་གྱིས་དེ་ལྟར་བཤད་བྱུང་།

དག་གཙང་གི་གཙང་གསུམ་འབྱུང་ཡུལ་དུ་གནོད་འཚེ་རྗེས་ཀྱི་ལོ་ངོ་གསུམ་རིང་གི་དཀའ་སྤྱད་སྡུག་རུས་ཀྱི་རླབས་ཆེན་བསྐྱར་འཛུགས་ཁྲོད་གཞན་ལས་ཁྱད་དུ་འཕགས་པའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད། གོང་འོག་བར་གསུམ་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་སྙིང་སྟོབས་ཀྱིས་ཡུས་ཧྲུའུ་དཀའ་སྡུག་གི་ལམ་ནས་བདེ་སྐྱིད་ཀྱི་ལམ་དུ་དྲངས་པ་དང་ཉམས་ཐག་ནས་དར་རྒྱས་སུ་སྐྱོད་པའི་རྒྱབ་རྟེན་འདོན་སྤྲོད་བྱས་པས། གངས་ལྗོངས་མཐོ་སྒང་དུ་ནམ་ཡང་ཉམས་པ་མེད་པ་ཡུས་ཧྲུའུ་གསར་བ་ཞིག་བསྐྲུན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་བྱེད་པ་དང་གསར་གཏོད་བྱེད་པའི་ལས་དོན་གྱི་མདུན་དུ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། རང་སྟེང་ནས་བཅོས་སྒྱུར་དང་གསར་སྐྲུན་བྱེད་པའི་སྤོབས་པ་ཡིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་བྱ་བའི་ཇུས་གཞི་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་ལེགས་བྱེད་དགོས།

གངས་གཟིག་ཀྱི་ཕ་ས་ཡིན་པའི་རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལོ་ཅོན་ལ་ཉེ་ལམ་ཡང་ལས་ཀ་ཞིག་ཇེ་མང་དུ་སོང་སྟེ། ཁོ་རང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཁོར་ཡུག་གི་དོ་དམ་པར་གྱུར་བ་དང་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡི་ཁ་གསབ་ཐོབ། ཁོས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་དང་བཙོག་བཟོ་ཐེབས་པའི་བྱ་བ་ཡོད་ཚད་སྔོན་འགོག་བྱས་ནས་ཁོར་ཡུག་ལ་རང་ཉིད་ཀྱི་མིག་ཟུང་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྗིད་པ་དང་དེའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་སོང་པ་ཚབས་ཆེན་ཡིན། ལོ་ཅོན་གྱིས་གསར་འགོད་པར་བཤད་རྒྱུར། ཁོ་རང་རྒྱལ་ཁབ་སྤྱི་གླིང་གི་ལས་གནས་དང་པོའི་འཛུགས་སྐྲུན་མཁན་དང་སྲུང་སྐྱོང་མཁན། སྐྱེ་ཁམས་ཁོར་ཡུག་གི་དོ་དམ་མཁན་དུ་གྱུར་བར་ཧ་ཅང་ཡིད་འཐད་བྱུང་ཡོད་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བ་ཏན་ཏན་ཏིག་ཏིག་གིས་སྤེལ་ན་ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་ཡར་སྐུལ་གང་ལེགས་བྱེད་པ། རྒྱ་ཆེའི་མང་ཚོགས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བཅས་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཛེས་ཤིང་སྡུག་པའི་ཀྲུང་གོའི་ཡུལ་ལྗོངས་ཤིག་ཏུ་འཛུགས་སྐྲུན་བྱེད་པའི་སྒང་ཡིན། ཉེ་ལམ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱ་བའི་ཇུས་གཞི་ཡར་ཞུ་བྱེད་བཞིན་ཡོད་པ་དང་དེར་མཐུད་ནས་སྐྱེ་རྒུ་གྲོང་རྡལ་དང་ཞེའུ་གྲོང་རྡལ་བར་གྱི་རྒྱལ་ལམ་214ཡི་འགྲམ་གཉིས་ཀྱི་ལེ་བར་བརྒྱ་ཡི་སྐྱེ་ཁམས་གཞུང་ལམ་གྱི་འཛུགས་སྐྲུན་བྱ་བའི་འཆར་གཞི་བཟོ་དགོས། ལོ་ཅོན་གྱིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་བྱ་བ་ལག་བསྟར་བྱེད་པ་དེ་ཡུས་ཧྲུའུ་ལ་མཚོན་ན་དེ་ནི་ཁུར་བོ་མིན་པར་གོ་སྐབས་ཤིག་ཡིན་པ་དང་དེ་ནི་སྔ་ན་མེད་པའི་གོ་སྐབས་ཤིག་རེད། དེ་ནི་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་དགོས་མཁོ་ཡིན་ལ། ཡུས་ཧྲུའུ་རང་སྟེང་ནས་རྒྱུད་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་འང་ཡིན། དེ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ཡུས་ཧྲུའུ་ལ་གནང་པའི་ལྗང་མདོག་གི་བདེ་སྐྱིད་ཡིན་ཟེར།  

སྐྱེ་ཁམས་ལེགས་པའི་ཁོར་ཡུག་ནི་གཙང་གསུམ་འབྱུང་ཡུལ་གྱི་རིན་ཐང་དང་སྦས་ཤུགས་ཡིན་ལ། མཐོ་སྒང་གི་བུ་བུ་མོ་འབུམ་བཞི་ཡི་འགན་འཁྲི་དང་རེ་སྙེག་ཡིན།  གཙང་གསུམ་འབྱུང་ཡུལ་གྱི་ད་ལྟ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཇུས་གཞི་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་དུ་བཞག་པ་དང་། དེ་ནི་བྱ་གཞག་གསར་བ་ཞིག་གི་འགོ་བརྩམས་པ་ཡིན་ལ་རྒྱང་སྐྱོད་གསར་བ་ཞིག་ཀྱང་ཡིན་པས། ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་ཤིང་སྡུག་པའི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་དོན་ཁྲོད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དང་ཕུལ་བཞིན་ཡོད།
 

ལོ་ཙཱ།  བསོད་ནམས་ལྷ་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།