$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.24 ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།
0
0

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པའི་སྟེང་གོམ་པ་བརྟན་པོ་ཤིག་སྤོས། དེར་བརྟེན། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིག་སྲོལ་གསར་བ་འཚོལ་ཞིབ་བྱེད་པའི་ཞིང་ཆེན་ཞིག་ཏུ་གྱུར་ཞིང་། དེ་ནི་ང་ཚོ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐོག་མའི་གྲུབ་འབྲས་དང་། རིགས་གཞུང་དང་ལག་ལེན་གྱི་ཚོད་ལྟ་ཐོག་མ་ཡིན་པ། རིམ་གྲས་མཐོ་བའི་ཇུས་འགོད་ཀྱི་སྒྲིག་སྲོལ་ནང་རྐྱེན་དང་གསར་སྐྲུན་གལ་ཆེན་ཡིན་པས། དཔེ་དབྱིབས་བཟང་བོ་ཞིག་མེད་ན། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བཟང་པོའང་ཡོད་མི་སྲིད།

མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། གཙང་བོ་ཆེན་པོ་དེ་གསུམ་རང་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་ཉེར་བཞི་བརྒྱུད་དེ། ལོ་རེར་སྨད་རྒྱུད་ཀྱི་ཆུ་བོར་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་འདོན་སྤྲོད་བྱེད་ཀྱིན་ཡོད་པས། ཀྲུང་ཧྭའི་ཆུ་མཛོད་དང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚད་འཇལ་ས་ཁུལ་གཙོ་བོ་ཡིན་ལ། རང་རྒྱལ་གྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད།

གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཇི་ལྟར་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་བ་ཇི་ལྟར་ཁག་ཐེག་བྱེད་ཆེད། སྔོན་ཆད་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་དོ་དམ་སྒྲིག་སྲོལ་ཞན་པ་དང་། མང་པོས་མཉམ་དུ་འཛིན་པ། འགན་དབང་མི་གསལ་བ། དོ་དམ་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ལག་བསྟར་བྱེད་མགོ་བརྩམས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁྲོད། རིམ་བཞིན་ཁོངས་གཏོགས་དང་འགན་དབང་གསལ་ཞིང་ལྟ་སྐུལ་དོ་དམ་ནུས་ལྡན་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོ་དམ་སྒྲིག་སྲོལ་འཛུགས་དགོས།

2015ལོའི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་བའི་སྟེ«ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི»ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་།

2016ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙང་གསུམ་འབྱུང་ཡུལ་གྱི་དཔེ་མཚོན་དང་ཚབ་བྱེད་ས་ཁོངས་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་རྒྱུ་ཐག་བཅད། དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་རྗེས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འགོད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེན་པོ་ལྡན།

མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་ནི། སྔར་ལས་ལྷག་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པར་སྐུལ་འདེད་དང་། རི་ཆུ་ནགས་ཚལ་དང་རྩྭ་ས། མཚོ་དང་མཚེའུ་སོགས་རང་བྱུང་སྐྱེ་ཁམས་ཀྱི་བར་གསེང་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་དང་རང་བྱུང་རིག་གནས་ཤུལ་བཞག་གི་ཆ་ཚང་རང་བཞིན་དང་བདེན་དོན་རང་བཞིན་སྲུང་སྐྱོབ་བྱེད་པ་དེ་ཡིན།

རང་ཉིད་ཀྱི་མིག་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

ད་སྐབས། རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་རྫོང་དུ་སོང་བ་ན། ས་ནག་ཐང་བཅོས་སྐྱོང་དང་རྩྭ་ས་བྱེ་འགྱུར་འགོག་བཅོས། བརླན་ས་སྲུང་སྐྱོབ་སོགས་བཟོ་སྐྲུན་བརྒྱུད་ནས་སྐྱེ་ཁམས་བདེ་འཇགས་སྔར་ལས་སྲ་བརྟན་དུ་གྱུར་ཞིང་། དགོ་དང་རྐྱང་། ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས་གང་སར་མཐོང་ཐུབ། མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་ཀྱི་གཞི་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་དོན་བཞི་ལྷག་དང་སྤྱི་ལེ་གྲུ་བཞི་ཆིག་བརྒྱ་བཅུ་བདུན་ལྷག་འཕར་སྣོན་བྱུང་བ་དང་། མཚེའུ་གྲངས་ཀ་སྟོང་ལྔ་དང་ལྔ་བཅུར་ཇེ་མང་དུ་སོང་བ། བརླན་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་ཆིག་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་། རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་བཅུ་གཅིག་ལྷག་ཏུ་འཕར་ཏེ། མཚེའུ་སྟོང་ལྡན་རྫོང་གི་མཚན་སྙན་ཡོད་པའི་རྨ་སྟོད་རྫོང་དུ་ཡང་བསྐྱར་རང་བྱུང་སྐྱེ་ཁམས་སླར་གསོ་བྱུང་བའི་མཛེས་སྡུག་གི་རྣམ་པ་མངོན་ཡོད།

རྨ་སྟོད་རྫོང་དང་བསྡུར་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་གོ་གནས་དེ་བས་ཀྱང་གལ་ཆེ། འབྲི་ཆུ་དང་རྫ་ཆུའི་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཅས་ཡུས་ཧྲུའུ་ཁུལ་དུ་ཡོད་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་དེ་ཡུས་ཧྲུའུ་ལ་མཚོན་ན་གོ་སྐབས་བཟང་པོ་ཞིག་དང་འགྲན་རྩོད་ཆེན་པོ་ཞིག་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ནི་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས་པ་ཡིན་ལ། ཚོད་ལྟ་བྱས་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞིའི་བཅོས་སྒྱུར་བྱ་བར་སྐུལ་འདེད་བྱེད་པ་དང་། ཐོན་ཁུངས་ཧྲིལ་བསྡུས་བྱས་ནས་འགན་དབང་གསལ་བོ་བྱེད་པ། སྔོན་ཆད་ཀྱི་མང་པོས་མཉམ་དུ་འཛིན་པའི་དཀའ་ངལ་གྱི་གནས་བསྒྱུར་བཅོས་བྱེད་དགོས་ཞེས་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲུའུ་ཀྲན་མེན་གྱིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ལ་མཚོན་ན། སྦས་ཤུགས་ཆེན་པོ་དང་རིན་ཐང་ཆེན་པོ། འགན་འཁྲི་ཆེན་པོ་བཅས་ཚང་མ་སྐྱེ་ཁམས་ཀྱི་སྟེང་གནས་པས། གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་བ་ཁག་ཐེག་བྱེད་རྒྱུ་ནི་མཚོ་སྔོན་གྱིས་ནམ་ཡང་འདོར་མི་རུང་བའི་འགན་འཁྲི་ཆེན་པོ་ཡིན།

ཡིན་ནའང་། འཛམ་གླིང་གི་ནམ་ཟླ་ཇེ་དྲོད་དུ་སོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་མི་གྲངས་ཇེ་མང་དུ་གྱུར་བ། ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་བཅས་ཀྱི་དབང་གིས་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་གནོན་ཤུགས་ཇེ་ཆེར་བཏང་། རྗེས་སུ་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་བྱེད་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ལ་དཔྱད་ཞིབ་མི་བྱེད་པར། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་གཙང་གསུམ་འབྱུང་ཡུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་བྱ་བའི་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོར་བཞག་ཏེ། མགོ་ཁྲིད་ཚན་ཆུང་གི་ལོ་འཁོར་གྱི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་རྒྱུགས་འབྲས་ལེགས་པོ་ཞིག་བསྐྲུན་པ་དང་། ལོ་ནང་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་དང་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་གྱི་དོན་རྐྱེན་བྱུང་བའི་ས་ཁུལ་དང་སྡེ་ཁག་ལ་དཔྱད་ཞིབ་དང་སྔོན་ཐོན་དཔྱད་འདེམས་ཀྱི་ཐོབ་ཐང་ཐད་ཀར་དུ་མེད་པར་བཟོ་རྒྱུ་ཐག་བཅད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་འཁོར་ལམ་དུ་བཅུག་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

གྲོང་ཁྱེར་དང་ཁུལ་གྱི་དཔྱད་ཞིབ་དམིགས་ཚད་ཁྲོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དམིགས་ཚད་དེ་སྔོན་གྱི་དམིགས་ཚད་ལྔ་ནས་བཅུ་རུ་འཕར་སྣོན་བྱས་ཤིང་། དེ་དག་སྐྱེ་ཁམས་བཟོ་སྐྲུན་དང་རྩྭ་ས་སྲུང་སྐྱོབ། རྨོ་ཞིང་སྲུང་སྐྱོབ། ནགས་ཚལ་སྲུང་སྐྱོབ། ཆུའི་ཐོན་ཁུངས་སྲུང་སྐྱོབ། ནུས་ཁུངས་གྲོན་ཆུང་དང་འབག་བཙོག་ཉུང་གཏོང་། མཁར་གྲོང་གི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱས་ཚད་སོགས་ལ་འབྲེལ་ཡོད། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ་སོགས་གཙང་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དམིགས་ཚད་བྱེ་བྲག་དང་ཞིབ་རྒྱས་ཅན་ཏུ་བཏང་བར་མ་ཟད། དེའི་ཟིན་ཚད་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་སོགས་ཀྱི་དམིགས་ཚད་ལས་མཐོ་བ་རེད།

དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཐོག་མ«མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག»དངོས་སུ་ལག་བསྟར་བྱས། མཚོ་སྔོན་གྱིས་ཐོག་མར་རྒྱལ་ཡོངས་ནས་བརླན་སའི་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་ལམ་ལུགས་ལག་བསྟར་བྱས་པར་མ་ཟད། རྒྱལ་ཡོངས་ནས་ཐོག་མར་སྐྱེ་ཁམས་ཐོན་ཁུངས་དཔྱད་བསྡུར་གདེང་འཇོག་བྱ་བ་སྤེལ། «མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱི་དོ་དམ་བྱེད་ཐབས་བརྒྱད»གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་། དེ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱས་འབྲས་དཔྱད་ཞིབ་དམིགས་ཚད་ཁོངས་གཏོགས་སུ་འཇོག་རྒྱུ་བྱས། དེ་དག་ལས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱེད་པའི་འཕེལ་རྒྱས་འདུ་ཤེས་གང་ལེགས་སྒོས་མཚོན་པར་མ་ཟད། འདུ་ཤེས་དེ་ཉིད་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་སུ་གཏོང་བའི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་རྗེས། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཚད་འཕར་སྣོན་བྱུང་བ་དང་། ལོ་བཅུར་རིམ་བསགས་ཀྱིས་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱད་ཅུ་འཕར། སྔོ་ཁེབས་ཀྱི་ཚད2004ལོ་དང་བསྡུར་ན། ཆ་སྙོམས་ཀྱི་ཁེབས་ཚད་བརྒྱ་ཆའི་ལྔ་ལྷག་འཕར་། རྩྭའི་ཐོན་ཚད་བརྒྱ་ཆའི་སུམ་ཅུ་ཇེ་མང་དུ་སོང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བདུན་ལྷག་འཕར། སྐྱེ་དངོས་སྣ་མང་ཅན་ཏུ་གྱུར་བ་ལས་མཐོ་སྒང་གི་རི་དྭགས་གཙོད་ཀྱི་གྲངས་ཀ་ཁྲི་དྲུག་ལྷག་ཏུ་འཕར་སྣོན་བྱུང་བ་དང་། རྫ་སྟོད་རྫོང་དུ་ཡང་རི་དྭགས་གསའ་མང་པོ་མཐོང་རྒྱུ་ཡོད་པས། ཡུས་ཧྲུའུ་ཁུལ་དེ་རི་དྭགས་གསའ་འཚོ་སྡོད་ཀྱི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

གཙང་གསུམ་འབྱུང་ཡུལ་དུ་གནས་པའི་འབྲི་སྟོད་རྫོང་གི་ཟོ་སྐྱ་ཞང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་ཨ་ཆེན་གངས་རྒྱབ་ཀྱི་ས་ཁོངས་གཙོ་བོ་ཡིན་ལ། ཞང་ཡོངས་སུ་རྐྱང་ཆུ་དང་འདམ་ཆུ། མུག་ཆུ། ཡག་ཆུ་བཅས་འབྲོག་དམངས་ཨུ་ཡོན་ལྷན་ཁང་བཞི་ཡོད། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཚོད་ལྟའི་ཁང་ཞེས་འབོད་ཀྱིན་ཡོད།

ནུས་ཡོད་སྒོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཆེད། ཟོ་སྐྱ་ཞང་གི་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་ཏེ། རྐྱང་ཆུ་ནས་རི་དྭགས་རྐྱང་སྲུང་སྐྱོབ་ཁུལ་དང་མུག་ཆུ་ནས་འབྲོང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། ཡག་ཆུ་ནས་རི་དྭགས་གསའ་སྲུང་སྐྱོབ་ཁུལ་དང་འདམ་ཆུ་ནས་རི་དྭགས་གཙོད་སྲུང་སྐྱོབ་ཁུལ་བཙུགས་ཏེ། སྲུང་སྐྱོབ་ཁུལ་ཆེན་པོ་བདུན་དང་སྲུང་སྐྱོབ་ཁུལ་ཆུང་བ་རེ་བཞིའི་དྲ་རྒྱ་ཅན་གྱི་སྲུང་སྐྱོབ་དཔེ་དབྱིབས་ཆགས།

མི་རེ་རེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲོད་ཞུགས་པ་ལས་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་ཀ་ཆེས་ཆེར་ཇེ་མང་དུ་སོང་། ཡིན་ནའང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱིས་འབྲོག་པ་མང་ཚོགས་ལ་གནོད་འཚེ་བཟོ་བའི་དོན་རྐྱེན་ཡང་མང་དུ་འབྱུང་བཞིན་ཡོད། དེ་ནི་འབྲོག་པ་མང་ཚོགས་ཀྱིས་རྩྭ་སའི་ཨ་བྲ་སོགས་ཚར་གཅོད་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཁ་ཟས་མེད་པར་བཏང་བ་དང་འབྲེལ་པ་དམ་པོ་ཡོད།

རྫ་སྟོད་རྫོང་རྣམ་སྲས་ཞང་ནི་རི་དྭགས་གསའ་དང་དྲེད་མོང་། སྤྱང་ཀི་སོགས་གཅན་གཟན་གྱི་རིགས་འགྲོ་འོང་བྱེད་པའི་གནས་ཤིག་ཡིན་པས། གཅན་གཟན་དེ་དག་ས་དེའི་འབྲོག་པ་ཁྱིམ་ཚང་གི་ཕྱུགས་རར་ཡོང་ཏེ་ཉུང་དུས་ནོར་གཅིག་བསད་པ་དང་མང་དུས་ནོར་ཉི་ཤུག་ལྷག་བསད་པ་རེད། ན་ནིང་འབྲོག་པ་བསྟན་འཛིན་ཚང་དགུན་སར་སྤར་རྗེས། གཅན་གཟན་དེ་དག་གིས་ཁོ་ཚང་གི་ནོར་ཉེར་དྲུག་བསད་པ་རེད།

ཆུ་དམར་ལེབ་རྫོང་ལ་རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་ཞེས་འབོད་ཀྱིན་ཡོད་ལ། མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་ཀྱི་རིགས་བརྒྱ་ལྷག་ལས་བརྒལ་ཡོད་པས། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་གནས་གལ་ཆེན་གྲས་ཀྱི་གཅིག་ཡིན། ན་ནིང་། ཆུ་དམར་ལེབ་རྫོང་དུ་བསྡོམས་པས་སྤྱང་ཀི་དང་དྲེད་མོང་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་ཀྱིས་མི་དང་རྒྱུ་ནོར་ལ་གྱོང་གུད་བཟོས་པའི་དོན་རྐྱེན་སུམ་བརྒྱ་ཉེར་ལྔ་བྱུང་བ་དང་། དེའི་ནང་ཆེས་ཚབས་ཆེ་བ་ནི་གཅིག་སྒྲིལ་ཞང་ཡིན་ལ། ཞང་དེར་སྤྱང་ཀིས་བཟོས་པའི་དོན་རྐྱེན་ཆིག་བརྒྱ་ཞེ་བདུན་དང་དྲེད་མོང་གིས་བཟོས་པའི་དོན་རྐྱེན་ཉེར་གཉིས་བྱུང་།

དེར་བརྟེན། འབྲི་སྟོད་རྫོང་གིས་ཕྱུགས་ཟོག་ལ་འགན་སྲུང་ཉེན་ཚབ་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། རང་བྱུང་གནོད་འཚེའམ་ཡང་ན་རི་སྐྱེས་སྲོག་ཆགས་ཀྱིས་བསད་པའི་ཕྱུགས་ཟོག་ཚང་མར་དེར་མཐུན་གྱི་སྐྱིན་ཚབ་ཡོད་པར་བྱས། ཆུ་དམར་ལེབ་རྫོང་གིས«མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་གྱིས་མི་དང་རྒྱུ་ནོར་ལ་གྱོང་གུན་བཟོ་བ་གནད་སར་བཞག་ནས་སྲུང་སྐྱོབ་བྱེད་པའི་ཁ་གསབ་བྱེད་ཐབས»ལྟར་དུ་སྐྱིན་ཚབ་བྱས་ཤིང་། ན་ནིང་ལོ་ཁོ་ནར་རི་སྐྱེས་སྲོག་ཆགས་ཀྱིས་བསད་པའི་ཕྱུགས་ཟོག་གི་སྐྱིན་ཚབ་དོན་རྐྱེན་གོ་ལྔ་བྱུང་བ་དང་། བསྡོམས་པས་མ་དངུལ་སྒོར་ས་ཡ་གཅིག་འབུམ་དྲུག་ཁྲི་གསུམ་ལྷག་གི་སྐྱིན་ཚབ་འཇལ།

གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས། འབྲོག་པ་མང་ཚོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲོད་ཞུགས་པའི་དུས་མཉམ་དུ་རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་དང་ཁེ་ཕན་ཇི་ལྟར་ཁག་ཐེག་བྱེད་རྒྱུ་དེར་རྩེ་གྲས་ཀྱི་ཇུས་འགོད་བྱས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁ་གསབ་ནང་རྐྱེན་འཚོལ་ཞིབ་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།