$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.05.31 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

 འདས་པའི་ལོ་ལྔའི་ནང་མཚོ་སྔོན་གྱི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་ཐད་དཀའ་སེལ་མཁྲེགས་གཏོར་དང་བྱེད་ཐབས་ནུས་ལྡན་སྤྱད་པ་བཅས་ལས་གྲུབ་འབྲས་དགའ་འོས་པ་བླངས།

ཡིན་ནའང་། 2020ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་ན། ཞན་ཆ་ནི་སྔར་བཞིན་ཞིང་ཕྱུགས་ལས་ཡིན་པ་དང། མི་འདང་ས་ནི་རོང་འབྲོག་ཁུལ་ཡིན། དཀའ་ས་ནི་རོང་འབྲོག་པ་ཡིན་པའི་ཕྱིར། ང་ཚོས་ངེས་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁུལ་གསུམ་རྒྱུད་གཅིག་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁྱབ་སྟངས་ཏེ། ཤར་རྒྱུད་ཁྱད་ལྡན་འདེབས་གསོ་བྱེད་པའི་ཐོན་མཐོའི་དཔེ་སྟོན་ཁུལ་དང་། མཚོ་སྐོར་ཞིང་ཕྱུགས་སྣོལ་འདྲེས་འཁོར་སྐྱོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་རྒྱུད་དུ་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ། རྨ་ཆུའི་འགྲམ་རྒྱུད་དུ་ཆུ་འཁྱག་གསོ་སྤེལ་གསར་གཏོད་འོས་འཚམ་རྒྱུད་བསྐྲུན་པའི་རྩ་དོན་ལྟར། མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས།

ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པའི་ལོ་ཡིན་ལ། ཞིང་ཕྱུགས་ལས་དེང་རབས་ཅན་དུ་གཏོང་བ་ཇེ་མགྱོགས་དང་ཅན་བཞི་མཉམ་སྤེལ་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རྨང་གཞི་བརྟན་པོ་བཏིངས་མོད། འོན་ཀྱང་མདུན་དུ་སྔར་ལས་ཚབས་ཆེ་བའི་འགྲན་རྩོད་དང་སྔར་ལས་དཀའ་ཁག་ཆེ་བའི་ལས་འགན་ལྷགས་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐད་སྤུས་ཀ་ཇེ་མཐོ་དང་ཕན་འབྲས་ཇེ་ལེགས། འཕེལ་སྟངས་བསྒྱུར་བ་བཅས་དང་། འབྲུ་རིགས་ཐོན་ཚད་བརྟན་བརླིང་དང་ཡོང་སྒོ་འཕར་སྣོན་བྱེད་པ། མུ་མཐུད་དུ་འཕེལ་ཐུབ་པ་བཅས་བྱ་བའི་གཙོ་གནད་དུ་འཛིན་པ་དང་། ལེགས་བསྡུས་ཞིབ་གཉེར་ཅན་དང་སྐྱེ་ལྡན་ཅན། ཚོང་རྟགས་ཅན་བཅས་ཁ་ཕྱོགས་བྱས་པ། ཞིང་ཕྱུགས་ལས་བདག་གཉེར་བྱེད་སྟངས་དང་ཐོན་སྐྱེད་བྱེད་སྟངས། དོ་དམ་བྱེད་སྟངས་བཅས་བསྒྱུར་བ་དང་། ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། གཞི་ཁྱོན་བདག་གཉེར་ཁྲོད་ལས་ཆོད་བརྩོན་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་པའི་ཁྲོད་ཕན་འབྲས་བརྩོན་པ། ཚོང་རྟགས་བདག་གཉེར་ཁྲོད་ཁེ་སྤོགས་བརྩོན་པ། ཚན་རྩལ་དང་སྒྲིག་ཆས། འཇོན་མི། སྲིད་ཇུས། ཁྲིམས་སྐྱོང་འདེགས་སྐྱོར་བཅས་ཀྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་དང་། དབུལ་ཐར་མཁྲེགས་གཏོར་བྱེད་པར་ཞབས་འདེགས་ཞུ་བ་བཅས་ཀྱིས་མུ་མཐུད་དུ་ནང་གནས་སྒུལ་ཤུགས་སྐུལ་སློང་དང་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲང་བརྟན་དུ་བཏང་ནས། མགོ་རྩོམ་ས་གསར་པའི་སྟེང་བྱེད་ཐབས་བཏོན་ནས་མཁྲེགས་གཏོར་ཅི་ཐུབ་བྱེད་དགོས།
ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ན་གཙོ་བོ་ལེགས་བསྡུས་ཞིབ་གཉེར་ཅན་དང་སྐྱེ་ལྡན་ཅན། ཚོང་རྟགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བྱེད་སྟངས་མྱུར་དུ་བསྒྱུར་ཏེ། ཞིང་ལས་དང་ཕྱུགས་ལས་གཉིས་འཁོར་སྐྱོད་བྱེད་པ་དང་། གཞི་ཁྱོན་བདག་གཉེར་དང་ཚོང་རྟགས་ཕན་འབྲས་གཉིས་བརྩོན་པ། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་མཉམ་འདྲེས་སྒོས་གོང་དུ་འཕེལ་བའི་ཁྱད་ལྡན་འགྲོ་ལམ་ཞིག་གཏོད་དགོས།

ལེགས་བསྡུས་ཞིབ་གཉེར་ཅན་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་དང་འབྲུ་སྣུམ་འདེགས་འཛུགས། སིལ་སྡོང་དང་སྔོ་ཚོད། འཕང་འབྲས། སྟར་བུ་སོགས་སྒོར་དུང་ཕྱུར་བརྒྱ་ཅན་བཞི་ཡི་ཐོན་ལས་བསྐྲུན་ཅི་ཐུབ་བྱེད་དགོས།

སྐྱེ་ལྡན་ཅན་རྒྱུན་འཁྱོངས་བྱས་ཏེ། ཧི་ནན་དང་རྩེ་ཁོག ཞིན་ཧེ། དགའ་བདེ། ཆི་ལེན། ཐེམ་ཆེན་བཅས་རྫོང་གཙོ་བོ་བྱེད་ཅིང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ལྡན་ཐོན་སྐྱེད་ཚད་ལྡན་དུ་གཏོང་དགོས་ཤིང་། མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་ལྡན་ལ་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུ་ཞིག་མྱུར་དུ་འཛུགས་དགོས། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་སྐྱེ་ལྡན་ཐོན་རྫས་དྲ་ཐོག་ནས་འཚོང་བའི་བྱ་བ་སྤེལ་དགོས།
ཚོང་རྟགས་ཅན་རྒྱུན་འཁྱོངས་བྱས་ཏེ། ལོ་འདིའི་ནང་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཉི་ཤུ་བཙུགས་ནས། མཐོ་སྒང་དང་སྐྱེ་ལྡན། ལྗང་མདོག་སོགས་ཀྱི་ཚོང་རྟགས་གསོ་སྐྱོང་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཚོང་རའི་ཁྲོད་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ནང་གི་ཚོང་རར་འགྲན་རྩོད་ནུས་ཤུགས་ངེས་ཅན་ལྡན་པའི་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་སྐོར་ཞིག་བསྐྲུན་ཅི་ཐུབ་བྱེད་དགོས།

སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་དེ་དེང་རབས་ཞིང་ཕྱུགས་ལས་སུ་བསྒྱུར་བ་དང་རིམ་པ་འཕར་བའི་གནད་འགག་གི་སྐབས་འདིར། མཚོ་སྔོན་ཞིང་ཆེན་འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག ཡོང་སྒོ་འཕར་བར་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་འགྲན་རྩོད་གསར་པར་འཕྲད། དཀའ་སེལ་མཁྲེགས་གཏོར་དང་འཕེལ་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་ན། ཞིང་ཕྱུགས་ལས་ཐད་ངེས་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པ་དང་། གཙོ་བོ་བསམ་གཞིག་གཏོང་སྟངས་དང་ཐོན་སྐྱེད་བྱེད་སྟངས། བདག་གཉེར་བྱེད་སྟངས། ཐོན་ཁུངས་བེད་སྤྱོད་བྱེད་སྟངས། དོ་དམ་བྱེད་སྟངས་བཅས་བསྒྱུར་བ་ལྔ་ཡི་སྟེང་འབད་པ་བྱེད་དགོས།

གཙོ་བོ་རོང་འབྲོག་པའི་མཉམ་ལས་ཁང་དང་འདེབས་འཛུགས་ཁྱིམ་ཆེན། ཁྱིམ་ཚང་གི་ཞིང་ཕྱུགས་ར། སྣེ་ཁྲིད་ཁེ་ལས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐུལ་ཁྲིད་ནུས་ཤུགས་དང་རོང་འབྲོག་པའི་ཁེ་ཕན་འབྲེལ་མཐུད་བྱེད་པ་ཇེ་མཐོར་གཏོང་དགོས་ཤིང་། རྟེན་གཞི་དང་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས་ཀྱིས་རོང་འབྲོག་པའི་ཁེ་ཕན་དང་འབྲེལ་མཐུད་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་མིག་དཔེ་སྐོར་ཞིག་འཛུགས་རྒྱུར་སྐུལ་མ་གཏོང་དགོས། དྲ་སྦྲེལ་དང་དེང་རབས་ཞིང་ལས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཐོན་ལས་རྒྱུད་ཀྱི་མཐུན་སྦྱོར་དམ་པོས་འབྲུ་སྣུམ་དང་དཔལ་འབྱོར། གཟན་ཆས་བཞི་གཅིག་གྱུར་གྱིས་བཀོད་སྒྲིག་དང་། ཞིང་ཕྱུགས་དང་ནགས་ལས། ཉ་ལས་བཅས་ཕན་ཚུན་ཟུང་དུ་འབྲེལ་བ། འདེབས་གསོ་དང་ལས་སྣོན། ཞབས་ཞུ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་ནས། རོང་འབྲོག་པ་དང་ཡང་ན་ཐོན་ལས་རྒྱུད་དེ་ཚོང་རའི་འགྲན་རྩོད་ཁྲོད་རྐང་ཚུགས་པ་དང་འཕེལ་རྒྱས་ཀྱི་ནུས་པ་དང་འགྲན་རྩོད་ཀྱི་ནུས་པ་ཇེ་མཐོར་བཏང་ནས། གཉིས་ཕན་དང་ཡང་ན་ཚང་མར་ཕན་ཐོགས་པ་མངོན་འགྱུར་བྱེད་དགོས།

ཞིང་ཕྱུགས་ལས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཕྱུགས་ལས་ལ་སྦགས་བཙོག་བྱས་པ་འགོག་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རྫས་ལུད་ཇེ་ཉུང་དང་ཁེ་ཕན་མང་ལེན། ཞིང་སྨན་ཇེ་ཉུང་དང་གནོད་པ་ཚོད་འཛིན་བྱེད་པའི་ཚོད་ལྟ་བྱེད་པ་དང་། སྐྱེ་ལྡན་ལུད་དང་དུག་ཉུང་ཞིང་གནོད་པ་ཆུང་བ། ཕན་པ་མཐོ་བའི་ཞིང་སྨན་དང་ལྗང་མདོག་སྔོན་འགོག་ཁྱབ་གདལ་བཏང་ནས། ཞིང་སྨན་དང་རྫས་ལུད་སོགས་བཀོལ་ཚད་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་ལ། མགོ་རྩོམ་པའི་ལོའི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་པས། ང་ཚོས་ངེས་པར་དུ་སྤུས་ཀ་ཇེ་མཐོ་དང་ཕན་འབྲས་ཇེ་ལེགས་སུ་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་བའི་ཐད་འབད་པ་ཅི་ཐུབ་བྱེད་དགོས། ཚོང་རའི་དགོས་མཁོ་ལྟར། ཚོད་སླེའི་འཛུགས་སྐྲུན་འགན་སྲུང་བྱེད་པའི་ཐད་འབད་པ་ཅི་ཐུབ་བྱེད་དགོས། འཕེལ་སྟངས་བསྒྱུར་བ་དང་རིམ་པ་འཕར་བ་གཙོ་བཟུང་ཏེ། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་འབད་པ་ཅི་ཐུབ་བྱེད་དགོས། གསར་སྐྲུན་ཞབས་ཞུ་གཙོར་བཟུང་ནས། ཞིང་ཕྱུགས་ལས་ཚན་རྩལ་ཁྱབ་གདལ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་འབད་བརྩོན་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་བགར་བ་གཙོར་བཟུང་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་མུ་མཐུད་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས། སྔོན་འགོག་ཚོད་འཛིན་དང་ཉེན་ཁ་གཙོར་བཟུང་ཏེ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་འབད་བརྩོན་དང་། མཉམ་འདྲེས་འཕེལ་རྒྱས་དམ་འཛིན་བྱས་ཏེ། ཐོན་ལས་ཅན་བདག་གཉེར་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། རྒྱུན་མཐུད་འཕེལ་རྒྱས་དམ་འཛིན་བྱས་ཏེ། ཞིང་ཕྱུགས་ལས་ལ་སྦགས་བཙོག་བཟོ་བ་འགོག་བཅོས་བྱེད་པའི་ཐད་འབད་བརྩོན་དང་། སྦས་ཤུགས་སྔོག་འདོན་དང་ཡོང་སྒོ་འཕར་སྣོན་བྱེད་པ་དམ་འཛིན་བྱས་ཏེ། རོང་འབྲོག་པར་ཞབས་འདེགས་ཞུ་བའི་ཐད་འབད་བརྩོན་ཅི་ཐུབ་བྱེད་པ། བཅོས་སྒྱུར་གསར་སྐྲུན་བྱ་བར་མཐོང་ཆེན་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐད་འབད་པ་ཅི་ཐུབ་བྱེད་དགོས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།