$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.06.14 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

ཉེ་ལམ། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་གྱི་སྐུལ་སློང་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ་སྟེ། དབུལ་པོའི་འབྱུང་ཁུངས་བཙལ་ཏེ་ཁ་ཕྱོགས་གསལ་བོ་བྱེད་ཅིང་། དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་གི་དོན་དངོས་གནས་ཚུལ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་གྱི་དགོས་མཁོར་དམིགས་པ་དང་། སྲིད་ཇུས་སྡེབ་སྒྲིག་གཞིར་བཟུང་ནས་སློབ་གསོའི་གནད་ཕིགས་དབུལ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་། སློབ་གསོའི་དབུལ་ཐར་འཆར་གཞི་དྲུག་ལག་བསྟར་བྱེད་པར་དབུལ་པོའི་འབྱུང་ཁུངས་བཙལ་ནས་དྲང་སྙོམས་ཡོངས་བར་ཁག་ཐེག་བྱས།

རྨང་གཞིའི་སློབ་གསོ་ཇེ་མཐོར་གཏོང་བའི་འཆར་གཞི་ལག་ཏུ་བསྟར་བ། སློབ་སྔོན་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་བསྐྱེད་ནས། དབུལ་ཕོངས་ས་ཁུལ་གྱི་བྱིས་པར་སྔར་ལས་དྲང་སྙོམས་ཀྱི་འཚར་ལོངས་འབྱུང་བའི་མགོ་རྩོམ་ས་ཞིག་ཡོད་དུ་འཇུག་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ལ་དྲང་སྙོམས་སྒོས་སྤུས་ཚད་ལྡན་པའི་འོས་འགན་སློབ་གསོ་དང་ལེན་བྱེད་དུ་འཇུག་པ། མཐོ་འབྲིང་དཀྱུས་མའི་སློབ་གསོ་གོང་དུ་སྤེལ་ནས་དབུལ་ཕོངས་ས་ཁུལ་གྱི་མི་འབོར་ལ་སློབ་གསོ་ཐོབ་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་སློབ་གསོ་ཆ་འཕྲིན་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་སློབ་མར་སྤུས་ལེགས་ཀྱི་གཞི་གྲངས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་འཇུག་པ་དང་། སློབ་གསོའི་དྲང་སྙོམས་ལ་ཡར་སྐུལ་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་རེད།

ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོའི་དབུལ་ཐར་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་བ། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་བཏང་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་བཅུ་བཞི་འཛུགས་པ་དང་། གཙོ་བོ་ཁུལ་དྲུག་པོར་སོ་སོར་འབྲིང་རིམ་སློབ་གྲྭ་རེ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་རེད། ཕྱུགས་ལས་ཕྱུགས་སྨན་གྱི་ལས་རིགས་ལག་རྩལ་སློབ་གླིང་དུ་ཁྱད་ཆོས་ལྡན་པའི་ཆེད་ལས་དང་ཞིང་ཕྱུགས་དང་འབྲེལ་བའི་ཆེད་ལས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ལག་རྩལ་དང་ནུས་རྩལ་ལྡན་པའི་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་རེད། མཚོ་སྔོན་སློབ་ཆེན་གྱི་རྒྱལ་ཁབ་ཚན་རྩལ་ར་བ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རང་བྱུང་ཚན་རིག་དང་བཟོ་ལས་ཚན་རིག་གི་སློབ་ཁུལ་བཅས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་རེད། དབུལ་ཕོངས་ས་ཁུལ་གྱི་ལག་རྩལ་དང་ནུས་རྩལ་འཇོན་མི་སྐྱེད་སྲིང་བྱེད་ཤུགས་དང་ངལ་རྩོལ་ནུས་ཤུགས་བསྒྱུར་སྤོ་དང་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་བཏང་ནས། དམའ་འབྲིང་ནས་མཐོ་འབྲིང་དང་མཐོ་འབྲིང་ནས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པའི་སློབ་མས་ལས་རིགས་སློབ་གསོ་དང་ནུས་རྩལ་སྐྱེད་སྲིང་དང་ལེན་བྱེད་པར་སྣེ་ཁྲིད་དེ། དམའ་འབྲིང་ནས་མཐོ་འབྲིང་དང་མཐོ་འབྲིང་ནས་སློབ་ཆེན་ལ་རྒྱུགས་མ་འཕྲོད་པའི་སློབ་མའི་ལས་རིགས་སློབ་གསོ་དང་ལེན་བྱེད་པའི་དགོས་མཁོ་བསྐང་རྒྱུ་རེད།

སློབ་གསོའི་རོགས་སྐྱོར་གྱི་དམངས་ཕན་འཆར་གཞི་ལག་ཏུ་བསྟར་བ། ལོ་བཅོ་ལྔ་རིང་གི་རིན་མེད་སློབ་གསོ་ལག་ཏུ་བསྟར་བ་དང་། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱས་ནས་རིན་མེད་དང་ཁ་གསབ། དོ་དམ་བཅས་ཀྱི་བྱེད་ཐབས་ནུས་ལྡན་སྒོས་མཉམ་དུ་ལག་བསྟར་བྱེད་རྒྱུ་རེད། 2016ལོའི་དཔྱིད་མགོའི་སློབ་སྐབས་གསར་བ་ནས་བཟུང་ཁུལ་དྲུག་གི་སློབ་མ་ཚང་མ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་སློབ་སྔོན་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་བཅས་ལོ་བཅོ་ལྔར་རིན་མེད་སློབ་གསོ་ལག་བསྟར་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་མཇུག་གི་སྔོན་དུ་ཞིང་ཆེན་ཡོངས་སུ་ཁེབས་པར་བྱེད་རྒྱུ་རེད། སློབ་ཞུགས་རོགས་དངུལ་དང་སློབ་ཞུགས་དངུལ་བུན་སོགས་ཀྱི་མཐོ་རིམ་སློབ་གསོའི་སྣ་མང་རོགས་སྐྱོར་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་པར་ཡིག་ཚགས་དང་བྱང་བུ་བཙུགས་ཏེ་ལོ་རེར་སློབ་མ་རེར་སྒོར་སྟོང་གསུམ་གྱི་རོགས་སྐྱོར་བྱེད་པ་དང་། སློབ་ཞུགས་དངུལ་བུན་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ་རོགས་རམ་ཅི་ཐུབ་བྱེད་རྒྱུ་རེད།

དམིགས་བསལ་དཀའ་ཁག་ཅན་གྱི་བྱིས་པར་གཅེས་སེམས་འབུལ་བའི་འཆར་གཞི་ལག་ཏུ་བསྟར་བ། དམིགས་བསལ་གྱི་ཚོགས་པར་གཅེས་སེམས་འབུལ་བ་དང་། གཞིས་སྲུང་བྱིས་པ་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་གནད་ཕིགས་འབྲེལ་མཐུད་བྱས་ཏེ་རོགས་སྐྱོར་གྱི་གནད་ཕིགས་རང་བཞིན་ཇེ་མཐོར་གཏོང་རྒྱུ། དམངས་སྲིད་སྡེ་ཁག་དང་རོགས་འདེགས་བྱས་ཏེ་ཁྱོན་ཡོངས་ནས་གཞིས་སྲུང་བྱིས་པར་ཡིག་ཚགས་བཙུགས་ཏེ་བྱིས་པ་རེར་ཡིག་ཚགས་རེ་དང་བྱང་བུ་རེ་ཡོད་པར་བྱེད་རྒྱུ་རེད། སློབ་གྲྭས་གཞིས་སྲུང་བྱིས་པས་སློབ་གསོ་མྱོང་བའི་རིམ་པ་ཚང་མར་དོ་དམ་བྱས་ཏེ། གཞིས་སྲུང་བྱིས་པར་གཅེས་སེམས་འབུལ་བ་དང་ཞབས་འདེགས་ཞུ་བའི་བྱ་བ་དེ་སློབ་གསོ་མ་ལག་དང་གཞི་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་ལས་བྱེད་པའི་འགན་ཁུར་རྩད་གཅོད་མ་ལག་ནང་དུ་འཇོག་རྒྱུ་རེད། 2019ལོའི་བར་དུ། དབུལ་ཕོངས་ས་ཁུལ་གྱི་མཐོང་ཤུགས་དང་ཐོས་ཤུགས། རིག་སྟོབས་བཅས་ཉམས་པའི་བྱིས་པ་འོས་འགན་སློབ་གསོའི་ནང་ཞུགས་ཚད་བརྒྱ་ཆའི་དགུ་བཅུར་བསླེབས་སུ་འཇུག་རྒྱུ་རེད།

མི་རིགས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བའི་འཆར་གཞི་ལག་ཏུ་བསྟར་བ། ཚན་རིག་དང་མཐུན་ཞིང་བརྟན་བརླིང་ངང་སྐད་གཉིས་སློབ་གསོར་ཡར་སྐུལ་བྱེད་རྒྱུ་རེད། སློབ་སྔོན་སློབ་གསོ་ནས་སློབ་གྲྭ་ཆུང་འབྲིང་བར་གྱི་དུས་རིམ་སོ་སོ་ནུས་ལྡན་སྒོས་སྦྲེལ་བ་དང་། སློབ་ཁྲིད་བྱེད་སྟངས་སློབ་མའི་སློབ་སྦྱོང་གི་ནུས་པ་དང་འཚམ་པ། སློབ་ཁྲིད་ཐོན་ཁུངས་ཀྱིས་དགོས་མཁོ་བསྐང་དགོས་པ་བཅས་ཀྱི་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ། སྐད་གཉིས་དགེ་རྒན་རིན་མེད་སྐྱེད་སྲིང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས། མི་རིགས་ས་ཁུལ་དུ་དཀོན་པའི་བསླབ་ཚན་དགེ་རྒན་འདང་ངེས་པ་ཞིག་བཀོད་སྒྲིག་བྱེད་རྒྱུ་རེད། ས་གནས་ཀྱིས་ཡུལ་གཞན་དུ་སློབ་གྲྭ་བསྒྲུབ་པར་སྐུལ་མ་གཏོང་རྒྱུ་རེད། ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གྱིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་སོ་སོར་སློབ་འབྲིང་རེ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་ཅིང་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་རེད། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ལས་རིགས་སློབ་གསོ་ཚོགས་པ་དེ་དམངས་སྒྲུབ་དངོས་གཞི་མཐོ་རིམ་སློབ་གྲྭ་བཅུ་གཉིས་དང་ཁ་གཏད་རོགས་སྐྱོར་སྒྲིག་པའི་ནང་རྐྱེན་ལ་བརྟེན་ནས། ཁུལ་དྲུག་གི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་སྟོབས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ཁུལ་གྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་གཞན་དུ་སློབ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཐོ་འབྲིང་དཀྱུས་མས་ཞིང་ཆེན་ཕྱི་རོལ་དུ་འཛིན་གྲྭ་སྒྲུབ་པའི་གཞི་ཁྱོན་བརྟན་འཇགས་སུ་བཏང་སྟེ། ཡུལ་གཞན་དུ་ལས་རིགས་སློབ་གསོའི་འཛིན་གྲྭ་སྒྲུབ་པའི་གཞི་ཁྱོན་ཧུར་བརྩོན་གྱིས་རྒྱ་བསྐྱེད་རྒྱུ་རེད།

སློབ་གསོའི་ཁ་གཏད་རོགས་སྐྱོར་སྒྲིག་པའི་འགུལ་སྐྱོད་འཆར་གཞི་ལག་ཏུ་བསྟར་བ། རྨང་གཞིའི་སློབ་གསོའི་ཁ་གཏད་རོགས་སྐྱོར་སྒྲིག་པའི་ནང་རྐྱེན་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མངའ་ཁོངས་ནང་དུ་ཁ་གཏད་རོགས་སྐྱོར་སྒྲིག་སྲོལ་ནང་རྐྱེན། མཉམ་ལས་བརྗེ་རེས་ཀྱི་ནང་རྐྱེན་བཅས་བཙུགས་ཏེ། སྔར་ལས་ལྷག་པར་མཐོ་རིམ་སློབ་གསོའི་ཁ་གཏད་རོགས་སྐྱོར་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞི་མཐོ་རིམ་སློབ་གྲྭས་མཐོ་རིམ་ལས་རིགས་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་ནང་རྐྱེན་འཛུགས་རྒྱུ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།