$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.09 ཡོང་ཁུངས།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
0
0

 ལོ་གསུམ་གྱི་སྔོན་ལ། ཧྲང་ཧའེ་ཡི་ལས་བྱེད་པ17མགོ་ལོག་ཏུ་ཡོང་ནས་ཁ་གཏད་རོགས་སྐྱོར་གྱི་ལས་འགན་སྒྲུབ་འགོ་བརྩམས།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུ་ཡི་ནང་ནས་རང་བྱུང་ཆ་རྐྱེན་ཞན་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། དཔལ་འབྱོར་འཕེལ་རྒྱས་དལ་བ་བཅས་ཀྱི་ཁུལ་ཞིག་ཡིན་ལ། ཁུལ་ཡོངས་སུ་རྫོང་6ཡོད་པ་ལས་རྫོང་3རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་ཡུལ་གྱི་གནད་སའི་རྫོང་དང་། རྫོང་3ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་ཡུལ་གྱི་གནད་སའི་རྫོང་རེད།

“གནད་ཕིགས་དབུལ་སྐྱོར་དང་། དམངས་ཚིས་ལེགས་བཅོས། མི་སེམས་གཅིག་སྒྲིལ་བཅས་བྱ་རྒྱུ་ནི་ང་ཚོས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་འགོ་འཛུགས་ས་དང་རྐང་ཚུགས་ས་ཡིན”ལ། མགོ་ལོག་ཁུལ་ནི་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཁུལ་དུ་གནས་སྟབས་སྣོད་བཅུད་སྲུང་སྐྱོབ་ཐད་བླང་བྱ་ཧ་ཅང་ནན་མོ་ཡོད་པས་དབུལ་སྐྱོར་མཁྲེགས་གཏོར་ལས་འགན་གཞན་ལས་ལྕི་བ་ཡིན་ཞེས་ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་གི་སྣེ་ཁྲིད་པ་དང་། མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དཔོན་གཞོན་པ་ལི་ཅུན་གྱིས་དེ་ལྟར་བཤད།

ལོ་གསུམ་གྱི་རིང་། ཧྲང་ཧའེ་ཡིས་རྣམ་གྲངས་226བཀོད་སྒྲིག་བྱས་པར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བདུན་བྱེ་བ་གཉིས་ས་ཡ་གསུམ་ལྷག་བཏང་ཞིང་། སྣོད་བཅུད་སྲུང་སྐྱོབ་ཡག་པོ་བྱས་པའི་སྔོན་འགྲོའི་འོག་ཏུ་ཧྲང་ཧའེ་ཡི་མཚོ་སྐྱོར་རྣམ་གྲངས་ཀྱི་དཔེ་སྟོན་རང་བཞིན་འབུར་དུ་ཐོན་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི“དམངས་སེམས་བཟོ་འགོད”མང་པོ་ལག་བསྟར་བྱས།

ཡུལ་བབ་དང་བསྟུན་ཏེ“གཞན་རྟེན”ནས“རང་རྟེན”དུ་བསྒྱུར་པ།

རིག་གནས་དང་ལག་རྩལ་ཅི་ཡང་མེད་ཅིང་བུ་ཕྲུག་གཉིས་ཡོད་པའི་སྐལ་བཟང་བཟའ་ཟླ་གཉིས་ནི་དཀའ་ཁག་ཆེ་བའི་ཁྱིམ་ཚང་དབུལ་པོ་ཞིག་རེད། སྡེ་བར་སྣོད་བཅུད་ཕྱུགས་ལས་མཉམ་ལས་ཁང་བཙུགས་རྗེས་སྐལ་བཟང་ཚང་གི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་སོང་།

རྨ་ཆེན་རྫོང་རྟ་བོ་ཞང་ཧ་ལུང་སྡེ་བས2010ལོར་མཉམ་ལས་ཁང་ཞིག་བཙུགས་རྗེས་སྡེ་བ་ཡོངས་ཀྱི་འབྲོག་པ་བཅུ་ཆའི་དྲུག་ཙམ་མ་རྐང་ལམ་ལུགས་ཀྱི་རྣམ་པ་བརྒྱུད་ནས་ཆེད་ལས་མཉམ་ལས་ཁང་དེར་ཞུགས། 2013ལོར་ཧྲང་ཧའེ་ཡིས་མ་དངུལ་སྒོར་ཁྲི་100བཏང་ནས་མཉམ་ལས་ཁང་དེར་ས་མཐོའི་འབྲིའི་འོ་མའི་རྟེན་གཞི་འཛུགས་རོགས་བྱས་ནས་འབྲི་200གཅིག་བསྡུས་བདག་གཉེར་བྱས། “ཚན་རིག་དང་མཐུན་པའི་སྒོ་ནས་གསོ་འཚོ་བྱས་པས་འོ་མའི་ཐོན་ཚད་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ་མ་ཟད། འོ་མ་འབབ་དུས་ཀྱང་དེ་སྔའི་ཉིན180ནས་ཉིན་300བར་ཏུ་ཇེ་མང་དུ་ཕྱིན།”ཐོན་སྐྱེད་བྱས་པའི་འོ་མ་ཚང་མ་འོ་ལས་ཀུང་སིར་ཐད་ཀར་འཚོང་བའམ་ཡང་ན་མར་དང་ཕྱུར་བ་སོགས་ལས་སྣོན་བྱས་ནས་ཕྱིར་ཚོང་བྱེད་ཀྱི་ཡོད། 2015ལོར་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་སྒོར་འབུམ་གསུམ་ཁྲི་གཉིས་ལྷག་བསྡུར་ཚད་ལྟར་མཉམ་ལས་ཁང་གི་ཁོངས་མི་ཚོར་བགོ་བཤའ་བརྒྱབ་པ་ཡིན”ཞེས་སྡེ་བ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་འབྲུག་རྒྱལ་གྱིས་དེ་ལྟར་བཤད།

མཉམ་ལས་ཁང་དེ་བཙུགས་རྗེས་ལས་ཀ་མེད་པའི་དགུན་དུས་སུ་ཡང་དེ་གར་ལས་ཀར་འགྲོ་ཆོག་པས། ཟླ་བ་གསུམ་རིང་ལ་སྐལ་བཟང་བཟའ་ཟླ་གཉིས་ཀྱིས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཉིས་བསྐྲུན།

སུ་རུག་ཆེན་སྡེ་བའི་འབྲོག་པ་ཚེ་རྡོ་སྔོན་ཆད་སྦྲ་གུར་དུ་བསྡད་ཡོད་སྟབས་གྲོང་རྡལ་དང་བར་ཐག་ཧ་ཅང་རིང་བས“ལོ་ལོན་སྨན་ཁང་དུ་འགྲོ་བའམ་ཡང་ན་བྱིས་པ་སློབ་གྲྭར་སྐྱེལ་སྐབས་སྟབས་ཧ་ཅང་མི་བདེ”། སྡོད་གནས་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཆེད། 2012ལོར་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱིས་འབྲོག་པ་གཞིས་ཆགས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཧྲང་ཧའེ་ཡི་རོགས་སྐྱོར་རྣམ་གྲངས་གྲས་སུ་བཞག རྣམ་གྲངས་དེར་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་ཐོག་བརྩེགས་ལྔ་ཅན་གྱི་སྡོད་ཁང་བཞི་ལས་ཤིང་། དེར་སྲིད་འཛིན་སྡེ་བ11དང་སྡེ་ཁུལ་2ཀྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་འབྲོག་པ་ཁྱིམ་ཚང100བཀོད་སྒྲིག་བྱས།

དེ་རྗེས་ཧྲང་ཧའེ་ཡིས་མ་དངུལ་སྒོར་ས་ཡ་གཉིས་བྱེ་བ་ལྔ་བཏང་ནས་ཁྱིམ་ཚང་དབུལ་པོ་50ཡི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་ཞིང་། སྡེ་བ་དབུལ་པོ་ཁག་གཅིག་ལ་སྡེ་བ་ཧྲིལ་པོ་གནས་སྤོ་དང་ཡུལ་གཞན་དུ་གནས་སྤོ་བྱས་ནས་དབུལ་པོའི་ཞྭ་མོ་ཕུད་རོགས་བྱས། དེ་དང་ཆབས་ཅིག་མི་གྲངས་དབུལ་པོར་སྨན་བཅོས་རོགས་སྐྱོར་བྱེད་པའི་ཐད། ཧྲང་ཧའེ་ཡི་ལས་བྱེད་པས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་རྒྱུ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་ནན་མོ་བྱས། ཞང་ཕིང་ནི་ཧྲང་ཧའེ་ཅཱ་ཏིང་ཆུས་ནས་ཡིན་ཞིང་། ཁོས་སྣེ་ཁྲིད་འོག་ཅཱ་ཏིང་ཆུས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས“འོད་ཟེར་ཕོ་ཉ་གཅིག་སྒྲིལ་ཏུ་སྐྱོད་པའི”བྱེད་སྒོ་བསྟུད་མར་ལོ་གཉིས་སྤེལ་ནས་མིག་ནད་སྐྱ་འགྲིབ་ཕོག་པའི་ནད་པ་རེ་གཅིག་ལ་སྨན་རིན་སྤྲོད་མི་དགོས་པར་གཤག་བཅོས་བྱས།

འབྱུང་འགྱུར་ལ་དམིགས་ནས་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཇེ་ལེགསས་སུ་བཏང་།

གཙང་གསུམ་ཆུ་འགོའི་སྲུང་སྐྱོབ་ཁུལ་ཡིན་པའི་ཆ་ནས། མགོ་ལོག་གིས་ཕྱུགས་རིགས་ཇེ་ཉུང་དུ་གཏོང་བ་དང་། ཕྱུགས་བཀག་རྩྭ་གསོ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་རྣམ་པ་ཇེ་ལེགས་སུ་བཏང་ཞིང་། ས་ཆ་ཐད་ཀར་འཛད་སྤྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས་ན། རྗེས་རབས་པའི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ངེས་པར་ཏུ་བསྒྱུར་དགོས་ལ། རྩ་བའི་ཐབས་ཤེས་ནི་སློབ་གསོ་རེད་ཅེས་མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དཔོན་གཞོན་པ་ལི་ཅུན་གྱིས་དེ་ལྟར་བཤད་བྱུང་།

གཞི་ཁྱོན་མུའུ་145ཟིན་པའི་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ཟླ་དགུ་པར་དངོས་སུ་སློབ་མགོ་ཚུགས་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་གཞུང་བཙུགས་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དྲུག་བཏང་བའི་ཁྲོད་ཧྲང་ཧའེ་ཡིས་སྒོར་བྱེ་བ་གསུམ་ས་ཡ་གསུམ་བཏང་ནས་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་སོགས་འཛུགས་སྐྲུན་བྱས། ན་ནིང་། ཧྲང་ཧའེ་དང་མགོ་ལོག་གཉིས་ཀྱིས་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་ཐོག་ལོ་རེར་སློབ་མ་100རེ་ཧྲང་ཧའེ་རུ་གསོ་སྦྱོང་བྱེད་པར་མངགས་ནས་ཧྲང་ཧའེ་དང་མགོ་ལོག་གཉིས་ཀྱི་སློབ་གྲྭའི་བར་དང་། སློབ་གྲྭ་དང་ཁེ་ལས་བར་གྱི་སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། དངོས་སྦྱོང་ལས་ཞུགས་སོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཧྲང་ཧའེ་ཡི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་མགོ་ལོག་ཏུ་ཁྱབ་སྤེལ་བྱས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།