$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.08.22 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

གཞི་རིམ་ཏང་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཏང་འཛུགས་བྱ་བ་ཆ་འཕྲིན་ཅན་འཛུགས་སྐྲུན་སྐུལ་འདེད་བྱེད་ཆེད། པདྨ་རྫོང་གིས་མཉམ་འབྲེལ་དྲ་བ་བརྒྱུད་ནས་ཏང་འཛུགས་འཕྲིན་ཕྲན་སྤྱི་པའི་སྟེགས་བུ་དང་ཏང་ཡོན་གྱི་རྒྱང་བསྟེན་སློབ་གསོའི་སྟེགས་བུ། ཏང་འཛུགས་དྲ་རྒྱ་ཅན་གྱི་དོ་དམ་སྟེགས་བུ། གཞི་རིམ་ཏང་འཛུགས་ཆ་འཕྲིན་ཅན་གྱི་ཞབས་ཞུ་སྟེགས་བུ། ལས་བྱེད་པ་དང་མང་ཚོགས་ཀྱི་ལག་ཁྱེར་བརྡ་འཕྲིན་སློབ་གསོའི་སྟེགས་བུ། གསར་འགྱུར་སྨྱན་གཟུགས་ཏང་འཛུགས་དྲིལ་སྒྲོག་ཆེན་པོའི་སྟེགས་བུ་བཅས་བཙུགས་པ་སྟེ།

གཅིག་ནི་མཉམ་འབྲེལ་དྲ་བའི་ཏང་འཛུགས་འཕྲིན་ཕྲན་སྤྱི་པའི་སྟེགས་བུ་བཙུགས་པ། ཏང་འཛུགས་འཕྲིན་ཕྲན་སྤྱི་པའི་སྟེགས་བུ«སྨར་ཁོག་གཙང་བོའི་འགྲམ་གྱི་ཏང་གི་དར་ཆ་ལྷག་ཏུ་དམར»ཞེས་པ་རེ་ཞུ་ཁྱབ་གཏོང་བྱས་ཏེ། ཏང་འཛུགས་འགུལ་རྣམ་དང་དྲ་ཐོག་སློབ་སྦྱོང་། བསམ་ཚུལ་བརྗེ་རེས་བཅས་ཕྱོགས་ཆེན་པོ་གསུམ་དང་ལེ་ཚན་བདུན་བཙུགས་ལ། དུས་མཚུངས་སུ། ཞང་གྲོང་དང་ལས་ཁུངས་སོ་སོས«དེ་རིང་གི་པདྨ།»དང«བདེ་འཇགས་པདྨ།» «པདྨའི་ན་གཞོན།»«སྨར་ཁོག་ཏང་འཛུགས»སོགས་འཕྲིན་ཕྲན་སྤྱི་པའི་སྟེགས་བུ48བཙུགས་ཤིང་། འཕྲིན་ཕྲན་སྤྱི་པའི་སྟེགས་བུ་སྣ་ཚོགས་བེད་སྤྱད་དེ་ཏང་འཛུགས་བྱ་བའི་ཆ་འཕྲིན1300ལྷག་ཁྱབ་བསྒྲགས་བྱས། ད་ལོའི་རྫོང་དང་ཞང་གི་སྐབས་བརྗེ་བྱ་བར་ཟུང་འབྲེལ་བྱས་ཏེ། «སྨར་ཁོག་གཙང་བོའི་འགྲམ་གྱི་ཏང་གི་དར་ཆ་ལྷག་ཏུ་དམར»ཞེས་པའི་འཕྲིན་ཕྲན་སྟེགས་བུ་ལས་སྐབས་བརྗེ་སྒྲིག་ལམ་གཟབ་ནན་བྱེད་རྒྱུའི་དཔེ་ཆ་གཅིག་དང་དེབ་གཉིས། བྱང་བུ་གཅིག སྐབས་བརྗེ་སྐོར་གྱི་ཡིག་ཆའི་དགོངས་དོན། བྱ་བའི་འགུལ་རྣམ་བཅས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པས། ལས་བྱེད་པ་དང་མང་ཚོགས་ཀྱིས་སྐབས་བརྗེ་བྱ་བར་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོས་ཤིང་། ལས་བྱེད་པ་དང་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་དབང་ཆ་དང་ལྟ་སྐུལ་དབང་ཆ་ཇེ་དྲག་ཏུ་བཏང་ནས། རྫོང་ཧྲིལ་བོར་སྤྱོད་གཙང་དྲང་བདེན་གྱི་སྐབས་བརྗེ་ཁོར་ཡུག་སྐྲུན།

གཉིས་ནི་མཉམ་འབྲེལ་དྲ་བའི་ཏང་ཡོན་དང་ལས་བྱེད་པའི་བརྙན་བཟློས་སློབ་སྦྱོང་སྟེགས་བུ་བཙུགས་པ། ཏང་ཡོན་ལས་བྱེད་པས་དེང་རབས་རྒྱང་བསྟེན་སློབ་གསོའི་འབྲེལ་གནས་ནས་བྱ་བ་མཐོར་འདེགས་བྱས་ཏེ། རྫོང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་བརྙན་བཟློས་ལས་སློབ་སྦྱོང་བྱེད་སའི་སྟེགས་བུ་སྐྲུན་ཞིང་། རྒྱང་བསྟེན་སློབ་གསོའི་སྒྲིག་ཆས་འཐུས་ཚང་དང་དྲ་བ་ཁྱབ་གཏོང་བྱེད་པར་ཁག་ཐེག་བྱས། མིག་སྔར། པད་མ་རྫོང་གིས་ཞིང་སྡེ་འབྲོག་ཁུལ་གྱི་དེང་རབས་རྒྱང་བསྟེན་སློབ་གསོའི་འབྲེལ་གནས34བཙུགས(གློག་འཕྲིག་རྣམ་པའི་འབྲེལ་གནས19དང་འཁོར་སྐར་རྣམ་པའི་འབྲེལ་གནས15) ཤིང་། དེའི་ཁྲོད་ཀྱི་འབྲེལ་གནས1ཇེ་ལེགས་སུ་བཏང་ལ། ངེས་པར་དུ་སྦྱོང་དགོས་པའི་ལེ་ཚན་དང་ཐད་གཏོང་ལེ་ཚན་གྱི་སྡེབ་ཚད16%ལ་སླེབས་པ་དང་། ཟླ་རེའི་སྡེབ་གཏོང་བྱེད་ཚད་རྒྱལ་ཡོངས་རྒྱང་བསྟེན་གཞུང་སྒྲུབ་ཁང་གི་གཏན་འཁེལ་བྱས་པའི་དུས་ཚོད་བཞི་ལས་བརྒལ་ཡོད།

གསུམ་ནི་མཉམ་འབྲེལ་དྲ་བའི་ཏང་འཛུགས་དྲ་མིག་ཅན་གྱི་གློག་རྡུལ་དོ་དམ་སྟེགས་བུ་བཙུགས་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དྲ་མིག་ཅན་གྱི་དོ་དམ་དང་ཏང་འཛུགས་དྲ་རྒྱ་གཉིས་གཅིག་གྱུར་བྱེད་པའི་རྩ་དོན་ལྟར། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ནུས་ཤུགས་གཅིག་བསྡུས་བྱས་ཏེ། ཞང་གྲོང་ལས་བྱེད་པ་དང་སྡེ་བའི་མཉམ་ལས་ཁང་གི་ལས་བྱེད་པ། རྒན་གསུམ་མི་སྣ། ལས་གནས་ཕྱིར་འཐེན་བྱས་པའི་སྡེ་བའི་ལས་བྱེད་པ། རོང་འབྲོག་དམངས་ཏང་ཡོན་བཅས་ཀྱི་ཁྲོད་དུ་ཏང་འཛུགས་དྲ་མིག་ཅན་གྱི་དོ་དམ་མི་སྣ197གཏན་འཁེལ་བྱས་ནས། རིམ་པ་དང་པོའི་དྲ་མིག9དང་རིམ་པ་གཉིས་པའི་དྲ་མིག59། གཞི་རྩའི་དྲ་མིག129བཅས་བཙུགས་ཤིང་། དྲ་མིག་ཅན་གྱི་ཆ་འཕྲིན་གློག་རྡུལ་རྩིས་ཐོ་བཙུགས་ཏེ། དྲ་མིག་མངའ་ཁོངས་ཀྱི་ལས་ཁུངས་དང་ཚོང་ཁང་། ཚོགས་པའི་རྩ་འཛུགས། ཏང་ཡོན་དང་དབུལ་ཕོངས་མང་ཚོགས་སོགས་ཀྱི་གཞི་རྩའི་གནས་ཚུལ་གློག་རྡུལ་ཅན་ཐོ་འགོད་དང་ཆ་འཕྲིན་ཅན་དོ་དམ་བྱས་པས། གཞི་རིམ་ཏང་འཛུགས་གློག་རྡུལ་ཅན་དང་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་།

བཞི་ནི་མཉམ་འབྲེལ་དྲ་བའི་གཞི་རིམ་ཏང་འཛུགས་ཕྱོགས་བསྡུས་ཆ་འཕྲིན་ཅན་གྱི་ཞབས་ཞུ་སྟེགས་བུ་བཙུགས་པ། སྡེ་བ32དང་དམངས་སྤོ་སྡེ་གསར3གྱི་ཨུ་ཡོན་གཉིས་ཀྱི་མགོ་ཁྲིད་གཙོ་བོར་ཆ་འཕྲིན་ཅན་གྱི་འབྲེལ་གནས69བཀོད་སྒྲིག་བྱས་ཤིང་། མཉམ་འབྲེལ་དྲ་བ་གཞི་རིམ་ཏང་འཛུགས་ཕྱོགས་བསྡུས་ཆ་འཕྲིན་ཅན་གྱི་ཞབས་ཞུ་སྟེགས་བུ་ཁྱབ་གཏོང་བྱས། སྟེགས་བུ་འདིར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆ་འཕྲིན་སྟེགས་བུ་དང་མགོ་ལོག་ཏང་འཛུགས། མགོ་ལོག་ལག་ཁྱེར་གསར་འགྱུར། ཨོ་བདེ་སྐྱིདAPPདང་དབུལ་སྐྱོར་ཆུ་ཐིགསAPPསོགས་ཀྱི་མཉེན་ཆས་སོགས་གཅིག་བསྡུས་བྱས་པས། ཏང་དོན་དོ་དམ་དང་ལས་པའི་བྱ་བ། ཏང་འཛུགས་དྲིལ་བསྒྲགས། རྩ་འཛུགས་བྱ་བ། དབུལ་སྐྱོར་དབུལ་སེལ་བཅས་ཐད་ཀྱི་ནུས་པ་གཅིག་གྱུར་བྱས་ལ། སྡེ་བའི་ལས་བྱེད་པས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་བཟོས་པ་དང་ལྷན་དུ། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་ཆ་འཕྲིན་བརྗེ་རེས་བྱེད་པར་སྔར་ལས་ཤུགས་སྣོན་བྱས།

ལྔ་ནི་མཉམ་འབྲེལ་དྲ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལག་ཁྱེར་འཕྲིན་ཐུང་སློབ་གསོའི་སྟེགས་བུ་བཙུགས་པ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ལག་ཁྱེར་ཨང་གྲངས1200ལྷག་གཅིག་བསྡུས་ཐོ་འགོད་བྱས་པ་མ་ཟད། ཆེད་འགན་མི་སྣས་གློག་འཕྲིན་ལ་མཐུན་སྦྱོར་སྒོས་འཕྲིན་གཏོང་མ་ལག་ནས་དམངས་ཕན་སྲིད་ཇུས་དང་སྐབས་བརྗེ་སྒྲིག་ལམ། སྐབས་དོན་ཆ་འཕྲིན། སྲིད་གཙང་དྲན་སྐུལ་སོགས་ཀྱི་ཆ་འཕྲིན་བསྐུར་བཞིན་ཡོད། མིག་སྔར། བསྡོམས་པས་བརྡ་འཕྲིན་ཐུང་བ5800སྐུར་ཟིན་པས། ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་དོ་དམ་གྱི་ཁེབས་ཚད་རྒྱ་བསྐྱེད་བཏང་།

དྲུག་ནི་མཉམ་འབྲེལ་དྲ་བའི་གསར་འགྱུར་སྨྱན་གཟུགས་ལས་ཏང་འཛུགས་དྲིལ་སྒྲོག་ཆེན་པོའི་སྟེགས་བུ་བཙུགས་པ། པདྨའི་ཏང་འཛུགས་བྱ་བ་དྲིལ་བསྒྲགས་བྱེད་ཆེད། ཞིང་ཆེན་ཕྱི་ནང་གི་ཏང་འཛུགས་ཀྱི་སྔོན་ཐོན་བྱེད་ཐབས་མིག་དཔེར་བལྟས་ཏེ། པདྨ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་བྱས་ཤིང་། ཞང་གྲོང་དང་སྡེ་ཁག ལས་ཁུངས་སོ་སོའི་ཆེད་འགན་མི་སྣས་གསར་འགྱུར་སྨྱན་གཟུགས་བརྒྱུད་དེ། ཕྱི་ཕྱོགས་སུ་མདོག་གསུམ་པདྨའི་ཏང་འཛུགས་ཀྱི་སྙན་གྲགས་དྲིལ་སྒྲོག་བྱས་ལ། དྲིལ་སྒྲོག་ཆེན་པོའི་རྣམ་པ་ཆགས་པར་བྱས་ནས། ཏང་འཛུགས་དྲིལ་སྒྲོག་ལམ་བུ་སྔར་ལས་རྒྱ་བསྐྱེད་བྱས་པ་དང་། པདྨའི་ཏང་འཛུགས་དྲིལ་སྒྲོག་ལ་གནས་བའི་གནད་དོན་དང་མི་འདང་ས་བཅོས་སྒྱུར་བྱས་པས། འབྲོག་དམངས་ཀྱིས་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཏང་འཛུགས་གསར་འགྱུར་རྒྱུས་ལོན་བྱེད་ཐུབ་པ་བྱུང་།
 

ལོ་ཙཱ་བ། ཆོས་ལོ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།