$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.09.12 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་མཐིལ་ཞང་ནི་མཚོ་ངོས་ལས་མཐོ་ཚད་མུས་སྟོང་བཞི་དང་སུམ་བརྒྱ་ཡོད་སར་གནས་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་སྡུག་པའི་ཕྱུགས་ལས་གཉེར་པའི་ཞང་ཞིག་རེད། སྡེ་བ་རིམ་པའི་རྩ་འཛུགས་ཁ་ཐོར་ནུས་མེད་ཡིན་པས། མིང་དུ་གྲགས་པའི་རྗེས་ལུས་ཞང་ཞིག་ཏུ་གྱུར། ཚན་ཁག་ནུས་མེད་དང་དཔུང་སྡེ་ཁ་ཐོར་དུ་གྱུར་པ།  འཕེལ་རྒྱས་སུ་འགྲོ་དལ་བ།  སྒྲིག་ལམ་མི་བརྩི་བ་བཅས་ཀྱི་ཞང་དེ་ཇི་ལྟར་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པའི་སྐོར་སྐབས་གསར་བའི་ཞང་ཏང་ཨུས་འཚོལ་ཞིབ་དང་ལག་ལེན་གང་ལེགས་བྱས།

གཅིག གུ་ཡངས་མི་བྱེད་པ་ནས་འགྱུར་ལྡོག་འབྱུང་མགོ་བརྩམས།
ཉིས་སྟོང་བཅུ་གཅིག་ལོའི་ཟླ་བརྒྱད་པར། ཞང་ཏང་ཨུས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་ནས་མགོ་བརྩམས་ཏེ། རྫོང་ཡོངས་སུ་དེའི་ཕྱོགས་སུ་བྱ་བ་སྒྲུབ་ཕོད་པའི་གྲོང་རྡལ་ཐོག་མར་གྱུར།
སྐབས་དེར་རྡོ་རྫོང་སྡེ་བར་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་པའི་ཁྱིམ་ཚང་ང་དྲུག་ཡོད་ཅིང་། མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་པའི་ཁྱིམ་ཚང་ནང་གི་མང་ཤོས་ནི་གོང་ལ་གཏུག་བཤེར་བྱེད་པའི་ཁྱིམ་ཚང་དང་། གཏུག་བཤེར་ཡང་ཡང་བྱེད་པའི་ཁྱིམ་ཚང་། སྒྲིག་ལམ་མི་བརྩི་བའི་ཁྱིམ་ཚང་བཅས་ཡིན་པ་དང་། དོན་དངོས་སུ་མ་མཐའི་འཚོ་བའི་འགན་སྲུང་གིས་རོགས་སྐྱོར་བྱེད་པའི་ཁྱིམ་ཚང་དག་གིས་ལོངས་སྤྱོད་བྱེད་མི་ཐུབ་པས། སྡེ་བའི་ནང་གི་འགལ་བ་ཉིན་བཞིན་ཛ་དྲག་ཅན་དུ་གྱུར།

ཞང་ཏང་ཨུས་ཆེད་དོན་བཅོས་སྐྱོང་བྱ་བའི་ཚན་ཆུང་བཙུགས་ཤིང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། སྡེ་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ད་ཡོད་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཤིང་། ཆ་རྐྱེན་དང་མི་མཐུན་པའི་ཁྱིམ་ཚང་ཁ་ཤས་མཐའ་གཅིག་ཏུ་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་པའི་ཁྱིམ་ཚང་ནང་ནས་འབུད་དུ་བཅུག་པར་མ་ཟད། སྲིད་ཇུས་ཀྱི་གཏན་འཁེལ་ལྟར་དོན་ངོ་མས་རོགས་སྐྱོར་བྱེད་དགོས་པའི་དབུལ་ཕོངས་ཁྱིམ་ཚང་དག་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག ཞང་ཏང་ཨུས་དམངས་གཙོ་དར་སྤེལ་དང་གཏན་འཁེལ་ལྟར་ནན་ཏན་གྱིས་བྱ་བ་འདི་བསྒྲུབས་ནས་ནུས་ཞན་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་གང་ལེགས་བྱས་པས། གོང་ལ་གཏུག་བཤེར་བྱེད་དགའ་བའི་ཁྱིམ་ཚང་དག་ཀྱང་ཞང་ཏང་ཨུ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཁྱིམ་ཚང་དུ་གྱུར།  རྫོང་ཏང་ཨུ་དང་སྲིད་གཞུང་། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་ཐོབ་པས། འབྲོང་མཐིལ་ཞང་ཏང་ཨུས་སྔོན་ཆད་ཀྱི་འགན་སྲུང་ཁྱིམ་ཚང དང འབྲེལ་བ་བཟང་བའི་འགན་སྲུང་ཁྱིམ་ཚང་། རྒྱན་འཕེན་འགན་སྲུང་ཁྱིམ་ཚང་། རྩོད་གཞི་མང་བའི་འགན་སྲུང་ཁྱིམ་ཚང་བཅས་རྩ་བ་ནས་མེད་པར་བཏང་།

གོ་སྐབས་དེ་དང་བསྟུན་ནས་འབྲོང་མཐིལ་ཞང་གིས་སྡེ་དོན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཐུས་ཚང་དུ་བཙུགས་ཤིང་། དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་བཏང་བ་དང་སྡེ་སྲོལ་དམངས་ཆིངས་བཟོ་བཅོས་བྱས། དེ་མིན་ཏང་ཡོན་རྒན་པ་དང་ལས་བྱེད་ཀྱི་འགན་ཁུར་མེད་པའི་ལས་བྱེད་པ་རྙིང་པ། མང་ཚོགས་ཁྲོད་དུ་དབང་གྲགས་ཡོད་པའི་སྡེ་མི་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྡེ་བ་རིམ་པའི་དམངས་གཙོ་དོན་གྲོས་ཚན་ཆུང་བཙུགས་པས། སྡེ་མིའི་སྡེ་དོན་ནང་ཞུགས་པའི་དབང་ཆ་དང་ལྟ་སྐུལ་དབང་ཆ། གནས་ཚུལ་ཤེས་པའི་དབང་ཆ་བཅས་ལ་ཁག་ཐེག་བྱས།

སྡེ་མི་ལྟ་མོས་སྔོན་ཆད་སྡེ་བའི་དོན་དག་ང་ཚོས་ཅི་ཡང་མི་ཤེས། མ་མཐའི་འཚོ་བའི་འགན་སྲུང་དང་གཏན་སྡོད་ཁང་པ། ཉི་འོད་ནུས་པའི་གློག་སྒྲོན་སོགས་སྡེ་བའི་ལས་བྱེད་པས་སུ་ལ་སྟེར་དགོས་ན་དེར་སྟེར་པ་དང་། ད་ལྟ་སྡེ་བའི་དོན་དག་གང་སྒྲུབ་རུང་ཚོགས་འདུ་བསྡུས་ནས་ཞིབ་འཇུག་བྱས་རྗེས་སྤྱི་བསྒྲགས་བྱས་པས། ཕྱོགས་ཞེན་མེད་པ་དང་དྲང་བཞག་གི་ཕྱོགས་སུ་འགྲོ་བཞིན་ཡོད་ཟེར།

གཉིས། མཐུན་སྒྲིལ་དང་བརྟན་འཇགས། འཆམ་མཐུན་བཅས་མེད་ན་འཕེལ་རྒྱས་ཡོང་དཀའ།
སྔོན་ཆད་ཞང་དེའི་ཚོ་བ་གཉིས་ཀྱི་བར་དུ་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཡོད་པའི་རྐྱེན་གྱིས་མང་ཚོགས་བར་འགལ་བ་དང་རྩོད་གཞི་གང་མང་བྱུང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པར། ཞང་ཏང་ཨུས་སྣེ་ཁྲིད་ནས་ལས་འཁྱུར་ངལ་གསོ་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ། ཚོ་བའི་ལས་འགན་ཁུར་མཚམས་བཞག་པའི་ལས་བྱེད་པ་རྙིང་པ་བཅས་ཞུགས་འོག་ལོ་ངོ་ཉི་ཤུ་ལྷག་གི་རིང་གི་རྩོད་གཞི་དེ་ཐག་གིས་བཅད་དེ། ཕྱོགས་གཉིས་ཀས་ཕན་ཚུན་ལ་ཁ་བཏགས་ཕུལ་བ་དང་མང་ཚོགས་ཀྱི་བར་དུའང་འཆམ་མཐུན་བྱུང་ །

ལོ་ངོ་ལྔའི་རིང་ལ། ཞང་ཏང་ཨུས་བསྡོམས་པས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཉིས་བརྒྱ་ལྷག་ཐག་བཅད་པ་དང་གཏུག་བཤེར་གྱོད་གཞི་སུམ་ཅུ་སོ་གཉིས་ཞི་འཇགས་སུ་བཏང་བས། ཁུལ་ཡོངས་ཀྱི་གཏུག་བཤེར་གྱོད་གཞི་ཐག་བཅད་པའི་སྔོན་ཐོན་ཐུན་མོང་དང་ཁུལ་ཡོངས་ཀྱི་དྲུག་ལྔའི་བཅའ་ཁྲིམས་ཁྱབ་གདལ་བྱ་བ་བསྒྲུབས་པའི་སྔོན་ཐོན་ཞང་གྲོང་རྡལ་གྱི་མཚན་སྙན་ཐོབ་ཅིང་། ཞང་ཏང་ཨུའི་ཧྲུའུ་ཅི་མགོན་པོ་བཀྲ་ཤིས་ལའང་ཁུལ་ཡོངས་ཀྱི་ཕུལ་བྱུང་ཞང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཡི་མཚན་སྙན་ཐོབ།

བྱ་བ་བསྒྲུབས་པ་བཟང་མི་བཟང་དེ་རྨང་གཞི་བརྟན་པོ་འདིང་མིན་ལ་རག་ལས། འགོ་ཁྲིད་ཚན་ཁག་སྐབས་བརྗེ་བའི་བྱ་བའི་འགོ་བརྩམས་མ་ཐག འབྲོང་མཐིལ་ཞང་ཏང་ཨུ་ཡིས་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་རྨང་གཞི་བྱ་བའང་སྒྲུབ་མགོ་བརྩམས། ལོ་གསུམ་གྱི་རིང་ལ་ཧུར་ཐག་གིས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ཞང་ཡོངས་ཀྱི་སྡེ་བ་བདུན་གྱི་ཁྱིམ་ཚང་གི་ཁོངས་མིའི་གཞི་རྩའི་གནས་ཚུལ་དང་རྩྭ་སའི་རྒྱ་ཁྱོན་། ལོ་རེའི་ཡོང་སྒོའི་གནས་ཚུལ། འཚོ་བའི་འགན་སྲུང་། སྡོད་ཁང་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ་སོགས་ཕྱོགས་ཀྱི་གནས་ཚུལ་འདུས་པའི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་བཀོད་པའི་རྩིས་ཐོ་བཙུགས་པ་དང་། ཞང་ཡོངས་ཀྱི་ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱ་བཅུ་གཅིག་གི་གཞི་རྩའི་གནས་ཚུལ་གསལ་པོར་ཤེས།

རྨང་གཞི་བརྟན་པོ་བཏིང་ཚེ་འཕེལ་རྒྱས་སྙེག་པའི་ཁ་ཕྱོགས་གསལ་པོར་ཤེས་ཡོང་། ཞང་ཏང་ཨུ་ཡིས་ཏང་ཀྲི་པུའུ་དང་སྡེ་དམངས་མཐུན་ཚོགས་གཉིས་མཉམ་དུ་སྦྲེལ་ནས་བྱ་བ་སྒྲུབ་པའི་རིགས་ལམ་བཏོན་ཏེ་སྡེ་དམངས་ལ་འཕེལ་རྒྱས་ཐད་ཞབས་འདེགས་ཞུས། ཞང་ཡོངས་སུ་སྔ་གཞུག་ཏུ་མཐུན་ཚོགས་གཉིས་དང་ཚོགས་པ་དྲུག ཆེད་ལས་མཉམ་ལས་ཁང་ལྔ་བཅས་བཙུགས། ཁྱིམ་ཚང་ལ་དཀའ་ཁག་ཡོད་ཚེ་མཐུན་ཚོགས་ཀྱིས་རོགས་སྐྱོར་བྱེད་པ་དང་། སྡེ་དམངས་ཕྱུག་སྒྱུར་བྱེད་ཐབས་མེད་ཚེ་མཐུན་ཚོགས་ཀྱིས་ཐབས་དང་བཀོད་པ་འདོན་རོགས་བྱས། སྡེ་དམངས་ལ་མ་དངུལ་མི་འདང་ཚེ་མཐུན་ཚོགས་ཀྱིས་རོགས་སྐྱོར་བྱས་ནས་མ་དངུལ་བཙལ་རོགས་བྱེད་པ། མཛེས་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་སྐབས་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་བཅོས་སྐྱོང་བྱས་པ་མ་ཟད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་དཔེ་སྟོན་དང་སྐུལ་ཁྲིད་བྱས་འོག ད་ལྟ་ཞང་ཡོངས་སུ་མི་སྒྱིད་ལུག་ཅན་ཇེ་ཉུད་དང་བརྩོན་བགྲུས་ཅན་ཇེ་མང་དུ་སོང་བ། རྡུང་རེས་བྱེད་མཁན་ཇེ་ཉུང་དུ་སོང་སྟེ། རྡོག་རྩ་གཅིག་སྒྲིལ་གྱིས་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་རྣམ་པས་ཁེངས་འདུག

འབྲོང་མཐིལ་ཞང་ཏང་ཨུ་ཚན་ཁག་གིས་བྱ་བར་འབད་པའི་བརྩོན་སེམས་དང་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ལ་བརྟེན་ནས། འབྲོག་ཁུལ་གྱི་མང་ཚོགས་ཁྲོད་དུ་གུང་ཁྲན་ཏང་མིའི་སྣང་བརྙན་བཟང་པོ་བསྐྲུན་ཡོད།“ སྐར་མ་སྨེ་བདུན་བསྙེགས་ན་ལམ་མི་ནོར། ཏང་གི་རྩ་འཛུགས་འབྲངས་ན་འཚོ་བ་སྐྱིད”ཅེས་སྡེ་བའི་རྒན་པ་སྟག་ཐར་གྱིས་བཤད་པ་ངོ་མ་བདེན་པ་ཡིན།
 

རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།