$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.09.27 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

རྒན་རབས་པའི་དུས་སྐབས་ནི་མི་ཚེའི་དུས་རིམ་གལ་ཆེན་ཞིག་ཡིན་ལ། རྒན་རབས་པ་ཡང་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

ད་ལྟ། དཔལ་འབྱོར་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན། རྒན་རབས་པ་རྣམས་ཀྱང་དཔལ་འབྱོར་འཛད་སྤྱོད་འཚོ་བའི་ཁྲོད་ཀྱི་ནུས་ཤུགས་གཙོ་བོར་གྱུར་ཡོད། རྒན་རབས་པའི་འཛད་སྤྱོད་འདུ་ཤེས་དང་འཛད་སྤྱོད་ནུས་པ། འཛད་སྤྱོད་བྱེད་སྟངས་བཅས་ཀྱི་ངོས་ནས་བལྟས་ན། རྒན་རབས་པའི་འཛད་སྤྱོད་ཚོང་ར་ཆེན་མོ་ཞིག་ཆགས་བཞིན་པའི་སྒང་རེད། དེ་དང་མཉམ་དུ་རྒན་རབས་པའི་འཛད་སྤྱོད་ཀྱི་དགོས་མཁོ་ནི་རིམ་པ་མཐོན་པོ་དང་སྤུས་ཀ་མཐོན་པོ། མི་གཤིས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བཞིན་ཡོད།

རང་རྒྱལ་ནི་རྒན་རབས་ཅན་གྱི་སྤྱི་ཚོགས་སུ་འགྱུར་བའི་དུས་ཡུན་ཐུང་ལ་མྱུར་ཚད་ཤིན་ཏུ་མགྱོགས་པས། སྤྱི་ཚོགས་ཡོངས་ཀྱིས་རྒན་པའི་འཛད་སྤྱོད་དགོས་མཁོའི་ཐད་རྒྱུས་ལོན་བྱེད་ཐུབ་མེད་པ་དང་། ཕྱོགས་ཡོངས་ཀྱི་ལམ་ལུགས་དང་འགན་སྲུང་ནང་རྐྱེན་ད་རུང་འཐུས་ཚང་མིན་པར་མ་ཟད། ཞབས་ཞུ་འདོན་སྤྲོད་བྱེད་པའི་ཆུ་ཚད་ཀྱང་ཚད་གཞི་རུ་སླེབས་ཐུབ་མེད་པས། རྒན་རབས་པ་རྣམས་ཀྱི་འཛད་སྤྱོད་དགོས་མཁོ་མང་པོ་བསྐོང་ཐུབ་ཀྱིན་མེད། དེ་བས་རྒན་རབས་པའི་ཁྱད་ཆོས་དང་མཐུན་པའི་ཞབས་ཞུ་གསར་སྤེལ་བྱེད་དགོས་པ་རེད།

འབྲེལ་ཡོད་སྡོམ་རྩིས་ལྟར་ན། 2015ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལོ་དྲུག་ཅུ་ཡན་གྱི་རྒན་རབས་པའི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ལས་བརྒལ་བས། སྤྱིའི་མི་གྲངས་ཀྱི16%ཡན་ཟིན་ཡོད་ལ། གྲོང་ཁྱེར་ནང་དུ་ད་རུང་ཁྱིམ་སྟོང་རྒན་པ་དང་བུ་ཕྲུག་ཁེར་སྐྱེས་ཚེ་ལས་འདས་པའི་རྒན་པ། དུས་ཚིགས་དང་བསྟུན་ནས་གནས་སྤོ་བའི་རྒན་པ་སོགས་ཀྱི་དམིགས་བསལ་གྱི་རྒན་པའི་ཚོགས་པ་མང་པོ་ཡོད། རྒན་གསོ་ཞབས་ཞུ་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཁོ་ཚོའི་དངོས་པོ་དང་བསམ་བློའི་རིག་གནས་ཕྱོགས་ཀྱི་དགོས་མཁོ་བསྐང་ཅི་ཐུབ་བྱེད་པ་དང་། ཁོ་ཚོར་རྒས་ན་བརྟེན་ས་ཡོད་དུ་འཇུག་དགོས་པར་མ་ཟད། ད་རུང་སློབ་སྦྱོང་བྱེད་དུ་འཇུག་པ་དང་ཁོམ་དུས་སྤྲོ་གསེང་བྱེད་པ་ཡོད་པར་བྱས་ཏེ། རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

དེ་དང་ཆབས་ཅིག ད་རུང་རང་རྒྱལ་གྱི་རྒན་གསོ་ཐོན་ལས་ཐད་ཚོང་རའི་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། 2010ལོའི་ཚོང་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་གཅིག་ལ་སླེབས་ཡོད་ལ། སྔོན་དཔག་ལྟར་ན2020ལོར་སྒོར་དུང་ཕྱུར་ཁྲི་བརྒྱད་དང་། 2030ལོར་སྒོར་དུང་ཕྱུར་ཁྲི་ཉེར་གཉིས་ལ་འབུད་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་རྒན་རབས་པ་རྣམས་ལ་ད་རུང་འཛད་སྤྱོད་ནུས་པ་ངེས་ཅན་ཞིག་ཡོད་པས། 2010ལོར་རྒན་པའི་འཛད་སྤྱོད་ཀྱིས་འཛད་སྤྱོད་སྤྱིའི་བརྒྱ་ཆའི་དྲུག་ཟིན་ཡོད་པ་དང་། སྔོན་དཔག་ལྟར་ན2020ལོར་བརྒྱ་ཆའི་བཅུ་གཉིས་དང་། 2030ལོར་བརྒྱ་ཆའི་བཅོ་ལྔ་ཟིན་རྒྱུ་རེད། དེའི་རྐྱེན་གྱིས་རྒན་པའི་འཚོ་བར་བདག་སྐྱོང་དང་རྒན་པའི་ཐོན་རྫས་མཁོ་ཆས། རྒན་པའི་བདེ་ཐང་ཞབས་ཞུ། རྒན་པའི་ལུས་རྩལ་བདེ་ཐང་། རྒན་པའི་རིག་གནས་རོལ་རྩེད། རྒན་པའི་དངུལ་ལོར་ཞབས་ཞུ། རྒན་པའི་ཡུལ་སྐོར་སོགས་གཙོ་བོ་ཡིན་པའི་རྒན་གསོ་ཞབས་ཞུ་ལས་རིགས་དེ་ཉིན་རེ་བཞིན་རྒན་པའི་འཛད་སྤྱོད་ཀྱི་འཕར་གནས་གསར་པར་གྱུར་དང་འགྱུར་བཞིན་ཡོད།

དཔྱད་བརྗོད་པས་བལྟས་ན། རྣམ་པ་གསར་པའི་འཛད་སྤྱོད་ལས་ཚུལ་ཞིག་ཡིན་པའི་ཆ་ནས། རྒན་པའི་སྨན་བཅོས་བདེ་ཐང་ཞབས་ཞུ་དང་རྒན་པའི་སྤྲོ་གསེང་རིག་གནས། རྒན་པའི་ཡུལ་སྐོར། རྒན་པའི་སློབ་གྲྭ་ཆེན་མོ་སོགས་ཀྱིས་སྨན་བཅོས་བདེ་སྲུང་དང་བདེ་ཐང་དོ་དམ། རིག་གནས་རོལ་རྩེད། ཡུལ་སྐོར། སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་རིགས་མང་པོ་ཞིག་སྣོལ་མར་མཉམ་བསྲེས་བྱས་ཏེ། ཐོན་ལས་དང་སྤྱི་ཚོགས་བསྒྱུར་བར་སྐུལ་འདེད་གཏོང་ཐུབ་པའི་མཉམ་དུ། མི་རྣམས་ཀྱི་འཚོ་བའི་རོལ་སྟངས་དང་བསམ་གཞིག་བྱེད་སྟངས་གསར་བསྒྱུར་བྱེད་ཐུབ་པས། ཚོང་རའི་མདུན་ལྗོངས་རྒྱ་ཆེན་པོ་ཞིག་ལྡན། རྒན་གསོ་ཞབས་ཞུ་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ད་རུང་འཛད་སྤྱོད་ཚོང་ར་རྒྱ་བསྐྱེད་དེ། དཔལ་འབྱོར་འཕར་བའི་དམིགས་ཡུལ་གཙོ་བོ་ལྟ་བུར་འགྱུར་དུ་འཇུག་དགོས།

ཉེ་བའི་ལོ་འདི་འགར། རྒྱལ་ཁབ་ཀྱིས་རྒན་གསོ་ཞབས་ཞུ་ལས་རིགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཐོན་ཁུངས་ཡོད་ཚད་གཅིག་གྱུར་བཀོད་འདོམས་སྒོས་བེད་སྤྱོད་བྱས་ཏེ། རྒན་གསོ་ཞབས་ཞུ་དང་སྨན་བཅོས། ཁྱིམ་ཚང་ནང་གི་གཙང་སྦྲ། ཉེན་སྲུང་། སློབ་གསོ། ལུས་སྦྱོང་། ཡུལ་སྐོར་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཕན་ཚུན་རོགས་རམ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། མ་འོངས་བར་འཛད་སྤྱོད་ལས་རིགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་འཛུགས་པ་དང་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚོང་རའི་ཚད་ལྡན་དང་ལས་རིགས་ཀྱི་ཚད་གཞི་ཆ་ཚང་བ་ཞིག་བཙུགས་ནས། རྒན་རབས་པ་རྣམས་ལ་བདེ་འཇགས་དང་སྟབས་བདེ། ཡིད་རྟོན་རུང་བ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་པ་དང་། སྲིད་ཇུས་དང་བཅའ་ཁྲིམས་ཀྱི་རིམ་པ་ནས་རྒན་པའི་འཛད་སྤྱོད་ཚོང་ར་ལུགས་མཐུན་དང་གོ་རིམ་ཡོད་པའི་སྒོ་ནས་འཕེལ་བར་ཁག་ཐེག་བྱེད་དགོས། དེ་ལས་གཞན་ད་རུང་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་དང་ནང་སྒོས་སུ་ཞིང་སྡེའི་རྒན་གསོ་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས། འདི་ནི་རྒན་གསོ་ཐད་ཀྱི་རྗེས་ཕྱོགས་སེམས་ཁྲལ་མེད་པར་བཟོ་བ་དང་། རྒན་རབས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་རེད།

དེའི་མི་ཚད་ད་རུང་སྤྱི་ཚོགས་ཀྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་མང་པོ་གཏན་ལ་ཕབ་སྟེ། དམངས་ཁྲོད་ཀྱི་མ་རྩ་མང་པོ་དེའི་ནང་དུ་བཀུག་ཅིང་། རྒན་རབས་པར་འཚམ་པའི་རིག་གནས་རོལ་རྩེད་དང་ལུས་རྩལ་སྦྱོང་བརྡར། སྤྲོ་གསེང་ཡུལ་སྐོར། བདེ་ཐང་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ་སོགས་ཧུར་བརྩོན་གྱིས་གསར་གཏོད་བྱས་ཏེ། རྒན་རབས་པའི་སྣ་མང་ཅན་གྱི་ཞབས་ཞུ་དང་རིམ་པ་མང་བའི་དགོས་མཁོ་བསྐོང་ཅི་ཐུབ་བྱེད་དགོས།

ད་རུང་རྒན་རབས་པའི་འཛད་སྤྱོད་ཚོགས་པའི་དམིགས་བསལ་གྱི་ལུས་ཁམས་དང་སེམས་ཁམས་ལ་དམིགས་ནས། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་ཞབས་ཞུ་བྱེད་སྟངས་ཇུས་འགོད་བྱེད་དགོས་པ་དང་། ཞིབ་ཕྲའི་སྟེང་ནས་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས། འཇོན་མི་སྐྱེད་སྲིང་དང་སློབ་གསོ་གཏོང་བར་ཤུགས་བསྣན་ཏེ། རྒན་རབས་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་མི་ཤུགས་ཐོན་ཁུངས་འདང་ཚད་ཅིག་འདོན་སྤྲོད་བྱེད་པ་དང་། རྒན་རབས་པའི་ཞབས་ཞུ་ཐོན་རྫས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས་སོ། །
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།