$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.10.11 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

 རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་དྲུག་གྲས་ཀྱི་གཅིག་ཡིན་པའི་མཚོ་སྔོན་གྱི་རང་བྱུང་རྩྭ་ས་ཡིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་ཕྱེད་ཀ་ཟིན། དེ་ནི་མཚོ་སྔོན་གྱི་འབྲོག་པ་མང་ཚོགས་ཁྲི་བརྒྱ་ཙམ་འཚོ་བཞེས་ཀྱི་ཕ་ས་ཡིན་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་དང་ལྟག་ཆུ་བསྐྱིལ་གསོག་ས་ཁུལ་ཡིན་པ། ལྷག་ཏུ་མཚོ་སྔོན་དང་རྒྱལ་ཡོངས་ཀྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་སྲུང་ཡོལ་ཀྱང་ཡིན།

མཚོ་སྔོན་གྱི་རིན་ཐང་ཆེན་པོ་སྐྱེ་ཁམས་དང་འགན་འཁྲི་ཆེན་པོ་སྐྱེ་ཁམས། སྦས་ཤུགས་ཆེན་པོ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པས། ཅི་ལྟར་དོན་དངོས་གཞིར་བཟུང་ཏེ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས་ཟེར་ན། ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་དགོས། དེ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་ཀྱི་གདམ་གསེས་ཡིན།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་། འབྲོག་ཁུལ་གྱི་མི་གྲངས་འཕར་སྣོན་དང་ཕྱུགས་ཟོག་ཇེ་མང་དུ་སོང་བ་དང་བསྟུན་ནས། རྩྭ་ཕྱུགས་བར་གྱི་འགལ་བ་ཇེ་དྲག་ཏུ་གྱུར། མཚོ་སྔོན་ཞིང་ཆེན་གྱི་བརྒྱ་ཆའི་དགུ་ཅུ་ཡན་གྱི་རྩྭ་ས་ཆེས་ཆེར་ཉམས་ཞན་དང་རྩྭ་སའི་གནོན་ཤུགས་མངོན་གསལ་དུ་ཇེ་ཆེར་གྱུར་ཏེ། རྩྭ་སའི་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གནོད་པ་ཆེན་པོ་བཟོས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་ཤུགས་རྐྱེན་ཆེན་པོ་བཏང་།

རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཕྱུགས་བསྐྱུར་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། དེ་མིན་མདོ་ལ་རི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས། གཞི་རྩའི་རྩྭ་ས་དབྱེ་འབྱེད་གཏན་ཁེལ་དང་རྩྭ་སའི་འགན་གཙང་ལེན་དངོས་འབེབས་བྱེད་པ། འགན་གཙང་ལེན་བདག་གཉེར་དབང་ཆའི་འཛིན་ཡིག་དང་བཀོལ་སྤྱོད་འཛིན་ཡིག་སྟེར་བ། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་སོགས་དོ་དམ་ལམ་ལུགས་དང་ལག་བསྟར་བྱེད་ཐབས་གཏན་ཁེལ་འགྲེམ་སྤེལ་བྱས་ཏེ། ཐོག་མར་རྒྱལ་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་མ་དངུལ་དེ་འགན་འཁྲི་དང་ཕན་འབྲས་སྲུང་སྐྱོབ་བྱེད་པ་དང་ཟུང་འབྲེལ་ཚོད་ལྟ་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལ་དམིགས་ཏེ། སྔ་གཞུག་ཏུ་ཕྱུགས་འཚོ་མཚམས་བཞག་ཏེ་རྩྭ་ཕྱུགས་དོ་མཉམ་ཡོང་བར་དོ་དམ་དང་རྩྭ་ས་འགན་གཙང་ལེན་དབང་ཆ་འཁོར་རྒྱུགས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ། རྩྭ་སའི་ལྟ་སྲུང་པའི་དོ་དམ། རྩྭ་ས་འགན་གཙང་ལེན་འཐུས་ཚང་དང་གཞི་རྩའི་རྩྭ་ས་གཏན་ཁེལ་སོགས་བྱེད་ཐབས་དང་ལམ་ལུགས་རབས་དང་རིམ་པ་གཏན་ཁེལ་འགྲེམ་སྤེལ་བྱས་ཏེ། ཁྲིམས་ལྟར་རྩྭ་ས་བཅོས་སྐྱོང་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས་པར་མ་ཟད། ཐོག་མར་ཞིང་ཆེན་ཡོངས་ལ་ཁེབས་པ་དང་གཅིག་གྱུར་མཐུན་སྦྱོར་དང་ཡུལ་བབ་དང་བསྟུན་པ། བྱེད་ནུས་ཆ་ཚང་ཡིན་པ་བཅས་ཀྱི་རྩྭ་སའི་སྐྱེ་ཁམས་ལྟ་སྐུལ་ཚད་ལེན་དོ་དམ་མ་ལག་བཙུགས་ཏེ། རྩྭ་སའི་ཐོན་སྐྱེད་ནུས་ཤུགས་དང་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་སོགས་ཀྱི་ཐད་ལྟ་སྐུལ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་བཏང་།

ད་ལོར་སྡོམ་རྩིས་བྱས་པའི་གཞི་གྲངས་ལྟར་ན། རྩྭ་སའི་སྤང་ཤུན་དེ་2005ལོ་ལས་བརྒྱ་ཆའི་གྲངས་ཐིག་གསུམ་ལྷག་ཇེ་མཐོར་སོང་བ་དང་། ཕྱུགས་རྩྭའི་ཐོན་ཚད་བརྒྱ་ཆའི་ཉེར་དྲུག་ཡས་མས་ཇེ་མཐོར་སོང་། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་བསྟུད་མར་ཇེ་མང་དུ་སོང་ཏེ། གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་མཚེའུ་སྟོང་གི་མཛེས་ལྗོངས་མངོན།
མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་བཙུགས་པ་དེས། གཞི་རྩའི་སྟེང་ནས་མི་དང་རྩྭ་ཕྱུགས་བར་གྱི་འགལ་བ་ཐག་གཅོད་བྱས་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་ནུས་ཡོད་སྒོས་སྲ་བརྟན་ཏུ་བཏང་། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་ལྷག་སྡོད་ཁང་གསར་བའི་ནང་སྤར། འབྲོག་པ་ཁྱིམ་ཚང་ཁྲི་དྲུག་ལྷག་གིས་སྦྲ་གུར་དང་ལྕགས་ཐབ། བརྙན་འཕྲིན་སོགས་རྩྭ་སའི་དེང་རབས་སྒྲིག་ཆས་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་།

2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་རྒྱལ་ཡོངས་ནས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་སྐུལ་འདེད་བྱས་པ་དང་། སྒྲིག་སྲོལ་ནང་རྐྱེན་སྟེང་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཞིག་བཏོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མཉམ་ལས་ཁང་ཆིག་སྟོང་ཉིས་བརྒྱ་ཉེར་བརྒྱད་ཀྱིས་ཕྱུགས་ཟོག་གསོ་སྤེལ་བྱས་ཚད་ལུག་གི་རྩིས་གཞི་ས་ཡ་གསུམ་དང་འབུམ་གཉིས་ལྷག་ཏུ་བསླེབས།

2014ལོར། ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་དང་པོར་གཏན་ཁེལ་བྱས་ཏེ། མཚོ་སྔོན་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་རིམ་གྲས་སྤར་བའི་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས། ཁྱིམ་ཚང་གིས་ཐོན་སྐྱེད་བདག་གཉེར་བྱེད་པའི་རྣམ་པ་བསྒྱུར་ཆེད། ཞིང་ཆེན་ཡོངས་སུ་སྡེ་བ་སྡེ་ཁག་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། འབྲོག་པ་མང་ཚོགས་ཀྱིས་ནོར་ལུག་དང་རྩྭ་ས་ཧྲིལ་བསྡུས་བྱས་ཏེ། གཅིག་གྱུར་གྱིས་རྩ་འཛུགས་ཐོན་སྐྱེད་དང་ཐོན་སྐྱེད་རྒྱུ་ཆ་ཉོ་སྡུད། ཞིང་ཕྱུགས་ཐོན་རྫས་བདག་གཉེར་བཅས་བྱས་ནས། འོས་འཚམ་གྱི་གཞི་ཁྱོན་བདག་གཉེར་མངོན་འགྱུར་བྱེད་པར་ཁྲིད་སྟོན་བྱས། ཞིང་ཆེན་ནོར་སྲིད་ཐིན་གྱིས་ད་རུང་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་ཏེ་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་ཞིང་ལས་ལག་རྩལ་མི་སྣ་བརྒྱ་དང་སུམ་ཅུ་ཡིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སྒྲུབ་པར་རོགས་སྐྱོར་བྱས་ཏེ། འཇོན་མིའི་ལས་སྒྲུབ་གནད་དོན་ཐག་བཅད།

མཉམ་ལས་ཁང་གིས་རྩྭ་ས་ཧྲིལ་བསྡུས་དང་འཁོར་རྒྱུགས་བྱས་ཏེ་བདག་གཉེར་ནང་རྐྱེན་གསར་སྐྲུན་བྱས་ཤིང་། ཕྱུགས་ཁྱུའི་ལྟར་དུ་རེས་མོས་ཀྱིས་ཕྱུགས་འཚོ་ས་བསྐྱར་དུ་གཏན་ཁེལ་བྱས། ཕྱུགས་ཟོག་ཧྲིལ་བསྡུས་བྱས་ཏེ། ཕྱུགས་རིགས་ལྟར་ཁྱུ་བགོས་ནས་འཚོ་གསོ་བྱེད་པར་བསྐྱར་དུ་བཀོད་སྒྲིག་བྱས། ནུས་རྩལ་ལྟར་ཕྱུགས་འཚོ་མཁས་པའི་འཇོན་མི་གདམ་གསེས་བྱས་ཏེ་ཕྱུགས་འཚོ་བ་དང་། བདག་གཉེར་དོ་དམ་བྱེད་མཁས་པའི་འཇོན་མི་གདམ་གསེས་བྱས་ཏེ་མཉམ་ལས་ཁང་གཉེར་བ། ལྷག་མའི་ངལ་རྩོལ་ནུས་ཤུགས་དེ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་བའི་ཕྱོགས་སུ་བསྒྱུར། དུས་མཚུངས་སུ། ནོར་སྲིད་མ་དངུལ་ཧྲིལ་བསྡུས་བྱས་ཏེ། ཕྱུགས་ཟོག་གི་དྲོད་ཁང་ལས་པ་དང་ཕྱུགས་རྒྱུད་ལེགས་བསྒྱུར། གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན། རྩྭ་ར་བསྐོར་བ། ཕྱུགས་ཟོག་ལ་རིམས་འགོག་སྨན་ཁབ་རྒྱག་པ་སོགས་བྱས་ཏེ། ཕྱོགས་གཅིག་ནས་རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱས་པ་དང་། ཕྱོགས་གཅིག་ནས་མ་དངུལ་སྤྱོད་ཚད་ཇེ་མཐོར་བཏང་།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད་ལ། མཉམ་ལས་ཁང་སོ་སོས་འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་མི་རིགས་བཟོ་རྩལ་ཐོན་རྫས་ལས་སྣོན། ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་ཤུགས་ཆེན་པོས་གོང་དུ་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ལས་མིན་པའི་ཐོན་ལས་གཉེར་བར་ཡར་སྐུལ་བྱས་པ་དང་། ཐབས་ལམ་མང་པོ་ནས་ཡོང་སྒོ་འཕར་སྣོན་བྱེད་པ་མངོན་འགྱུར་བྱས།
རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དཀའ་ཁག་ཆེ་བ། རྩ་འཛུགས་ཅན་གྱི་ཚད་རིམ་དམའ་བ། གསར་སྐྲུན་ནུས་ཤུགས་ཞན་པ། རྩྭ་ལས་སྒྲིག་ཆས་ཀྱི་ཆ་རྐྱེན་མི་འདང་བ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་བསྒྱུར་བྱེད་དཀའ་བ། རྩྭ་སའི་ལྟ་སྐུལ་དོ་དམ་དང་ཞབས་ཞུ་མ་ལག་འཛུགས་སྐྲུན་རྗེས་ལུས་ཡིན་པ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་རེད། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་དམིགས་ཏེ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་བལྟས་ན། འཕེལ་རྒྱས་ཀྱི་འགྲོ་ལམ་སྔར་བཞིན་ཀྱག་ཀྱོག་དང་དཀའ་ཚེགས་ལྡན་པ་ཞིག་ཡིན་པར་སྙམ།

སྟོབས་ཤུགས་ཡོད་དགུས་མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས་ན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་ཇེ་བརྟན་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ནན་ནན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་ནན་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་གོ་སྐབས་དམ་འཛིན་བྱས་ཏེ། ལྷད་མེད་འཕེལ་རྒྱས་ཀྱིས་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་བྱས་ན། ད་གཟོད་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་ཐུབ།

ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་བཏང་ཏེ། ཁྱོན་ཡོངས་ནས་སྐོར་ཐེངས་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབས་བྱས་ནས། ཧུར་ཐག་གིས་ཕྱུགས་བཀག་དང་ཕྱུགས་འཚོ་མཚམས་འཇོག་པ། རྩྭ་ཕྱུགས་དོ་མཉམ་བཅས་ཀྱི་ལམ་ལུགས་ཁྱབ་སྤེལ་བྱེད་པ་དང་། བྱས་འབྲས་དཔྱད་ཞིབ་ནན་མོ་བྱས་ཏེ། སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་ཁག་ཐེག་བྱེད་དགོས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་དེ་མིན་ཕྱུགས་བསྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། རང་ཤུགས་སུ་ཉམས་གསོ་དང་བཟོ་སྐྲུན་བྱེད་ཐབས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། ཉམས་ཞན་དུ་གྱུར་བའི་རྩྭ་ས་སླར་གསོ་དང་བཅོས་སྐྱོང་བྱེད་དགོས། རྩྭ་སར་ལྕགས་ར་བསྐོར་བ་དང་སྐྱེ་དངོས་ཀྱི་གནོད་པ་སྔོན་འགོག་ཚོད་འཛིན་དང་། ས་ནག་ཐང་དང་བྱེ་མ་ཅན་གྱི་རྩྭ་ས་བཅོས་སྐྱོང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ཏེ། ཉམས་ཞན་དུ་གྱུར་བའི་རྩྭ་ས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་དགོས།

ངེས་པར་དུ་རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འཁོར་སྐྱོད་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རྩྭ་ས་དང་ཕྱུགས་ཟོག་ཧྲིལ་བསྡུས་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ནོར་ལུག་གི་ཐོན་མཐོའི་གསོ་སྤེལ་ལག་རྩལ་བཀོལ་སྤྱོད་ཁྱབ་སྤེལ་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གསར་བསྐྲུན་ཚོད་ལྟ་གོང་དུ་སྤེལ་བ་དང་འཚོལ་ཞིབ་བྱེད་པ་དང་། མཉམ་ལས་ཁང་གི་བདག་གཉེར་ནང་རྐྱེན་འཕེལ་རྒྱས་སུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།

ངེས་པར་དུ་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། སྐོར་ཐེངས་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབས་བྱས་ཏེ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། གཟན་རྩྭའི་ཐོན་ལས་དང་སྐྱེ་ཁམས་ཕྱུགས་ལས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། རྩྭ་ཕྱུགས་གཞི་གཅིག་ཅན་གྱི་རྣམ་པ་བརྒྱུད་དེ་རྩྭའི་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་དང་། རྩྭའི་ཐོན་ལས་འཕེལ་རྒྱས་ཀྱིས་ཕྱུགས་ལས་རྒྱུན་མཐུད་དང་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་ཏེ། གཟན་རྩྭའི་ཐོན་ལས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་འབྲས་ཐོབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

ངེས་པར་དུ་རྩྭ་སའི་ཉེར་སྤྱོད་ལག་རྩལ་ཁྱབ་སྤེལ་བྱས་ཏེ། རྩྭ་སའི་ཚན་རྩལ་གྲུབ་འབྲས་ལེགས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྩྭ་ས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་སྔོན་ཐོན་དང་ཉེར་སྤྱོད། ཚད་ལྡན་གྱི་ཚན་རིག་ལག་རྩལ་དེ་རྩྭ་ལས་ཐོན་ལས་ཀྱི་ལས་གཞི་སྣ་ཚོགས་ཁྲོད་བཀོལ་སྤྱོད་བྱས་ཏེ། རྩྭ་ས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཕན་འབྲས་མཐོར་འདེགས་གཏོང་དགོས།

ངེས་པར་དུ་རྩྭ་ལས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་བྱས་ཏེ། ས་ཁོངས་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་རྩ་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་འཚོལ་ཞིབ་དང་། རྩྭ་ལས་ཀྱི་ཚན་རྩལ་ཞབས་ཞུ་སྟེགས་བུ་གསར་བསྐྲུན་བྱེད་དགོས། རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱེད་པའི་ཡུན་རིང་གི་ནང་རྐྱེན་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བྱས་འབྲས་དཔྱད་ཞིབ་དང་སྐུལ་ལྕག་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོབ་དེ་གནད་ཕིགས་དབུལ་སྐྱོར་དང་ཟུང་འབྲེལ་བྱེད་པ་དང་འབྲོག་པའི་ལས་སྤོར་ལས་ཞུགས་དང་ཟུང་འབྲེལ་བྱེད་པ། འབྲོག་པའི་ཡོང་སྒོ་འཕར་སྣོན་དང་དམངས་ཚིས་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་དོ་དམ་གྱི་ཡུན་རིང་གི་ནང་རྐྱེན་འཛུགས་པ་དང་འཚོལ་ཞིབ་བྱེད་དགོས།


ལོ་ཙཱ་བ།སྒྲོལ་མ་སྐྱིད།


 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།