$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.10.19 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

 དམར་དམག་རྒྱང་བསྐྱོད་སྔ་རྗེས་སུ་ཡུན་ནན་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་བོད་རིགས་འདུས་སྡོད་ས་ཁུལ་དུ་བརྒྱུད་པ་དང་། བོད་རིགས་མང་ཚོགས་རྣམས་དམར་དམག་གི་གྲས་སུ་ཞུགས་པ་མ་ཟད། འབྲུ་རིགས་གཅིག་བསྡུས་བྱས་པ་དང་། ལོ་ཙཱའི་བྱ་བ་བཅས་གཉེར་ལ། རྣམ་པ་མི་འདྲ་བའི་སྒོ་ནས་དམར་དམག་རྒྱང་བསྐྱོད་ལ་རོགས་རམ་བྱས། རྒྱ་བོད་སོགས་མི་རིགས་མཐུན་སྒྲིལ་གྱི་གཏམ་སྙན་མོ་གང་སར་ཁྱབ་ཏུ་བཅུག་པ་མ་ཟད། དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་གལ་ཆེན་བཞག

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤེས་རབ་ཉི་མས་དུས་ཡུན་རིང་བོར་བོད་ལྗོངས་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཁོས་བོད་རིགས་ཀྱིས་རྒྱང་བསྐྱོད་ལ་རོགས་རམ་བྱས་པ་དེ་ཕྱོགས་གསུམ་ནས་མཚོན་པར་བྱས།

གཅིག་ནི་འབྲུ་རིགས་དང་དངོས་རྫས་སྐྱེལ་འདྲེན་བྱས་ཏེ། རྨས་སྐྱོན་བྱུང་བའི་དམག་མིར་སྨན་བཅོས་བྱས་མྱོང་ལ། རྒྱང་སྐྱོད་བྱེད་པའི་དམར་དམག་སྣེ་ལེན་བྱས་མྱོང་། དམར་དམག་བོད་ཁུལ་བརྒྱུད་དེ་འགྲོ་སྐབས་རང་བྱུང་ཆ་རྐྱེན་ཞན་པ་དང་། འབྲུ་རིགས་དང་དངོས་རྫས་དཀོན་པ་སོགས་ཀྱི་དཀའ་ཁག་བྱུང་བས། བོད་རིགས་མང་ཚོགས་ཀྱིས་འབྲུ་རིགས་སོགས་ཀྱི་རྒྱབ་སྐྱོར་བྱས། དཀར་མཛེས་བོད་རིགས་ཡུལ་དཔོན་ཡཱང་ཅིས་ཆིན་གྱིས་དམར་དམག་ལ་ལམ་ཕྱེས་ཤིང་འབྲུ་རིགས་ཀྱི་རོགས་རམ་བྱས་ཏེ། དམར་དམག་བོད་ཁུལ་ནས་བསྐྱོད་པའི་དོན་དག་དེ་དུས་ད་ལྟའང་གཏམ་རྒྱུད་སྙན་མོ་ཞིག་ཏུ་བརྩི་བཞིན་ཡོད།

ད་དུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ལ་མཚོན་ནའང་ཞང་ཙི་ཡེ་ཤེས་རྡོ་རྗེ་ཡིས་རང་ཡུལ་གྱི་འབྲུ་རིགས་རྒྱ་མ་ཁྲི་ཕྲག་དང་ཟོག་ལུག་བཅུ་ཕྲག་འགའ་དམར་དམག་ལ་རོགས་རམ་དུ་ཕུལ། རིག་དར་ཁ་གསར་ཚོ་བའི་ཚོ་དཔོན་ཡེ་ཤེས་བཟང་བོས་རང་འགུལ་གྱིས་འབྲུ་རིགས་རྒྱ་མ་ཁྲི་གསུམ་ཕུལ་བ་དང་མང་ཚོགས་ལ་ཡང་རོགས་རམ་བྱེད་དགོས་པ་སྐུལ་སློང་བྱས། «དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི»ལེའུ་ཉེར་གཉིས་ལྟར་ན། ཇོ་རུ་དགོན་པའི་བླ་མས་མང་ཚོགས་རྩ་འཛུགས་བྱས་ནས་དམར་དམག་སླེབས་པར་དགའ་བསུ་བྱས་རྗེས། དགོན་པར་ཡོད་པའི་དཀར་སྒོར་དང་ཇ། ཚྭ་ཁུ། འབོལ་གདན། སྦྲ་གུར། འབྲུ་རིགས་སོགས་ཕལ་ཆེ་བ་དམར་དམག་ལ་སྦྱིན་པ་རེད།

བོད་རིགས་མི་དམངས་ཀྱིས་ཉེན་ཁ་དང་དཀའ་ངལ་ལ་མ་འཛེམ་པར་གཡུལ་ས་དང་དམར་དམག་སྡོད་གནས་ལ་འབྲུ་རིགས་སྐྱེལ་ཅིང་ད་དུང་དམར་དམག་རྨས་མ་ལ་བཀོད་སྒྲིག་དང་འགེབས་སྲུང་ལེགས་པོ་བྱས་ཏེ་བདག་སྐྱོང་བྱས། རྟའུ་རྫོང་གི་བོད་རིགས་མང་ཚོགས་དཀོན་མཆོག་སྒྲོལ་མས་གོ་མིན་ཏང་དམག་དཔུང་གི་འཇིགས་སྐུལ་ལ་མི་སྐྲག་པར་བུད་མེད་དམར་དམག་བཅུ་ལ་འགེབས་སྲུང་བྱས་པ་དང་དེ་ཚོའི་རྨས་ཀྱང་སྨན་བཅོས་བྱས་ནས་སངས་དྲག་ཏུ་བཏང་།

གཉིས་ནི་དམར་དམག་ལ་ལོ་ཙྭ་བྱེད་པ་དང་ལམ་སྣ་ཁྲིད་པ། དམར་དམག་གི་གཡུལ་འགྱེད་ལ་རོགས་རེས་བཅས་བྱས། དམར་དམག་གིས་བོད་ཁུལ་ནས་གཡུལ་འགྱེད་བྱེད་སྐབས། བོད་རིགས་སྤུན་ཟླ་སྐོར་ཅིག་གིས་ལོ་ཙྭ་བྱས་པ་དང་ལམ་སྣ་ཁྲིད་དེ་དམར་དམག་གི་བརྡ་སྤྲོད་པའི་ཆ་དང་མི་རིགས་མི་མཐུན་པའི་བར་གྱི་དཀའ་ངལ་དེ་སེལ་བར་བྱས། 1935ལོའི་ཟླ་8པར། ཏང་ཀྲུང་དབྱང་གིས་གཡས་རུའི་དམར་དམག་ཁྲིད་དེ་མཛོ་དགེ་རྩྭ་ཐང་ནས་བགྲོད་དུས། ས་གནས་ཀྱི་གྲྭ་བཙུན་གྱིས་ལམ་སྣ་ཁྲིད་དེ་དམག་དཔུང་གི་རྒྱང་བསྐྱོད་ལ་ཁག་ཐེག་བྱས། ད་དུང་བོད་རིགས་མི་དམངས་གསར་བརྗེའི་དམག་དཔུང་སྟེ། བོད་དམངས་རྟ་དམག་རུ་ཁག་དང་། དགེ་ལེགས་ཐར་གསར་བརྗེའི་དམག ཅིན་ཁྲོན་ཐད་གཏོགས་དམག་དཔུང་། བོད་པ་རང་སྲུང་དམག་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་དམག་དམག་གི་གཡུལ་འགྱེལ་ལ་རོགས་འདེགས་བྱས།

གསུམ་ནི་བོད་ཀྱི་ན་གཞོན་པ་དག་ཧུར་ཐག་གིས་དམག་ནང་དུ་ཞུགས་པ། 1936ལོའི་ཟླ་དྲུག་པར། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་རྒྱལ་ཁའི་ངང་ནས་ཁམས་སའི་བྱང་ཕྱོགས་ཀྱི་གྲོང་བརྡལ་གཙོ་བོ་དཀར་མཛེས་གྲོང་ནས་མཉམ་འཛོམས་བྱུང་། དེའི་བར་སྐབས་སུ། བོད་རིགས་མི་དམངས་ལ་རོགས་བྱས་ཏེ་གསར་བརྗེའི་སྲིད་དབང་བཙུགས་པ་སྟེ་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་ཡིན། བོད་པ་སྲིད་གཞུང་བཙུགས་རྗེས་དམར་དམག་གིས་བོད་རིགས་ལས་བྱེད་ཀྱི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་དང་བོད་རིགས་ན་གཞོན་ལས་བྱེད་པ་དང་ཧུར་བརྩོན་ཅན་བརྒྱ་ལྷག་ལ་ཟབ་སྦྱོང་བྱས། ས་གནས་སུ་བོད་རིགས་ནགཞོན་པ་བདུན་ཅུ་ལྷག་གིས་གྲུབ་པའི་རྟ་དམག་རུ་ཁག་བཙུགས།

དམར་དམག་ལ་འབྲེལ་འདྲིས་དང་རྒྱུས་ལོན་ཡོང་བ་བསྟུན་ནས་བོད་རིགས་ན་གཞོན་པ་སྐོར་ཅིག་རང་འགུལ་གྱིས་དམག་ལ་ཞུགས་པ་དང་རགས་རྩིས་བྱས་ནའང་དམག་ལ་ཞུགས་མཁན་སྟོང་ཕྲག་འགའ་ཡོད། དེའི་ནང་གི་ཐེན་པའོ“སངས་རྒྱས་ཡེ་ཤེས”དང་། བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་བོད་རིགས་རང་སྐྱོང་ལྗོངས་སོགས་ཞིང་ཆེན་དང་ལྗོངས་ཀྱི་ཏང་སྲིད་བྱ་བའི་འགོ་ཁྲིད་ཀྱི་ལས་གནས་གཙོ་བོའི་འགན་ཁུར་བ་དང་། བོད་ལྗོངས་དང་སི་ཁྲོན་གྱི་བོད་ཁུལ་བདེ་འཇགས་འཕེལ་རྒྱས་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིང་ཝེ་ཝེས་བསྟན་དོན། དམར་དམག་བོད་ཁུལ་ནས་བསྡད་པའི་དུས་ཚོད་ཡུན་རིང་བ་དང་། སྡོད་སའི་ས་ཁུལ་གྱི་ཁྱབ་རྒྱ་ཆེ་བ། བྱ་འགུལ་གྱི་ནང་དོན་མང་བ། ལྷག་པར་ཏུ་མར་ཁེ་སི་རིང་ལུགས་མི་རིགས་གཞུང་ལུགས་བཀོལ་ཏེ་མཁོ་གལ་ཆེ་ལ་རྙོག་འཛིང་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱས་པ་དང་། བདེ་བླག་ངང་ནས་བོད་རིགས་འདུས་སྡོད་ཁུལ་བརྒྱུད་ཅིང་། ཐོག་མར་ཁེ་ཕན་ནི་སྒྲིག་ཁྲིམས་ནན་མོ་ལས་ཐོབ་པར་བྱས།

དམར་དམག་བོད་ཁུལ་དུ་མ་སླེབས་སྔོན་ལ། རྒྱ་ཆེའི་ངང་ནས“དམར་དམག་གིས་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་མི་ལེན”པ་དྲིལ་བསྒྲགས་བྱས་པ་དང་། ད་དུང་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ་ནི་གླུ་ཚིག་ཏུ་སྒྲིག་ཏེ་གྱེར། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡུན་ནན་བདེ་ཆེན་བོད་ཁུལ་ནས་བསྐྱོད་དུས་དགོན་སྡེས་རང་འགུལ་གྱིས་ནས་རྒྱ་མ་ཁྲི་གསུམ་དང་ཚྭ་ཁུ་མང་བོ། བུ་རམ་སོགས་དམར་དམག་ལ་བཙོང་། ཧོའོ་ལུང་གིས་སྐུ་དངོས་སུ་བླ་མ་དང་མཇལ་སྟེ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། དགོན་པར“མི་རིགས་དར་རྒྱས”ཀྱི་གོས་དར་གནང་། དགོན་པའི་གྲྭ་བཙུན་གྱིས་ཧོའོ་ལུང་ལ་གནང་བའི་ཇ་དང་ཕག་ཤ་སོགས་ཀྱང་དམར་དམག་གིས་འོས་འཚམ་གྱི་རིན་གོང་བྱིན་རྗེས་ད་གཟོད་ལེན་རྒྱུ་བྱས།

དེ་ལས་གཞན། དམར་དམག་གིས་མི་རིགས་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དག་ལ་མཐུན་སྒྲིལ་གྱི་འཐབ་སྒྲིལ་སྲིད་ཇུས་བརྩོན་ལེན་བྱེད་པར་རྒྱུན་འཁྱོངས་བྱས། བོད་ཁུལ་ན་ཡོད་དུས། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་ནས་དམག་དཔུང་དགོན་པར་འགྲོ་མི་ཆོག་ལ། ལྷ་སྐུ་དང་མཆོད་ཁང་སོགས་ལ་རེག་མི་ཆོག་པ་བྱས་ནས་བོད་རིགས་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ལུགས་སྲོལ་ལ་བརྩི་འཇོག་བྱས། དཔུང་ཚོགས་སུམ་ཅུ་བ་ཁམས་སའི་བྱང་ཕྱོགས་ཀྱི་བོད་རིགས་འགོ་དཔོན་ཞབས་དཀར་སྟོབས་ལྡན་དང་འབྲེལ་བ་བཟང་བ་དང་། ཞབས་དཀར་སྟོབས་ལྡན་རྗེས་ནས་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་གི་འགོ་ཁྲིད་ཅིག་ཏུ་གྱུར།

ཤེས་རབ་ཉི་མས་བཤད་རྒྱུར། སྐབས་དེར་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་ལ། བོད་རིགས་མང་ཚོགས་ཀྱིས་དམར་དམག་ལ་ཐེ་ཚོམ་ཟ་བའི་གནས་ཚུལ་འོག དམར་དམག་གིས་བོད་ཁུལ་ནས་བདེ་ལེགས་ངང་སྤྱི་ཚོགས་གྲལ་རིམ་གྱི་འགལ་བ་དང་། མི་རིགས་བར་གྱི་བར་ཐག་ལ་ཐག་གཅོད་འོས་འཚམ་བྱེད་ཐུབ་སོང་བ་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་མི་རིགས་གནད་དོན་ཐག་གཅོད་ལེགས་པོ་བྱས་པའི་ལག་ལེན་རླབས་ཆེན་པོ་ཞིག་རེད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།