$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2016.11.15 ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།
0
0

རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་སྟངས་བསྒྱུར་པ་དང་གནམ་ལ་རེ་ནས་འཚོ་བ་སྐྱེལ་བའི་རྣམ་པ་བསྒྱུར་ཅིང་།རྩྭ་སའི་ཕྱུགས་གྲངས་ཇེ་ཉུང་དུ་བཏང་བ།མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཞིང་ཕྱུགས་ལས་ལེགས་བསྡུས་ཅན་གྱི་བདག་གཉེར་ལག་བསྟར་གང་ཐུབ་བྱས་པ་སོགས་ཀྱིས།ད་ལྟ་ཆི་ལེན་རྫོང་གི་དབྱར་ས་མུའུ་ཁྲི ལྔ་དང་སྟོང་གཅིག་བརྒྱ་དང་སོ་དྲུག་ཏུ་ཕྱུགས་འཚོ་མཚམས་བཞག་པ་དང་། རྩྭ་ས་མུའུ་ཁྲི་གཅིག་དང་སྟོང་བཞི་རེ་དགུ་ཡི་སྟེང་རྩྭ་ཕྱུགས་དོ་མཉམ་བྱུང་བ།རོང་འབྲོག་པར་ལོ་རེར་ཆ་སྙོམས་ཁ་གསབ་མ་དངུལ་སྒོར་ཁྲི་དྲུག་དང་སྟོང་གཅིག་བཞི་བརྒྱ་ལྔ་དང་བཞི་བྱིན་པ།ཕྱུགས་ཟོག་ལུག་ལྟར་བརྩིས་ན་འབུམ་གསུམ་དང་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་ཇེ་ཉུང་དུ་བཏང་བ།ལེགས་བསྡུས་ཞིབ་གཉེར་བྱས་པའི་རྩྭ་ས་མུའུ་བྱེ་བ་གཅིག་དང་འབུམ་གསུམ་ལ་སླེབས་པ་དེས་འགན་གཙང་ལེན་བྱས་པའི་རྩྭ་སའི་བརྒྱ་བཆའི་དོན་བཞི་དང་གྲངས་ཆུང་ཉེར་གསུམ་ཟིན། ཕྱུགས་ཟོག་འབུམ་བརྒྱད་དང་ཁྲི་ལྔ་སྟོང་དགུ་བརྒྱད་བརྒྱ་ལེགས་བསྡུས་ཞིབ་གཉེར་བྱས་པ་དེས་ལག་ཡོད་ཕྱུགས་གྲངས་ཀྱི་བརྒྱ་ཆའི་དོན་གསུམ་དང་གྲངས་ཆུང་ལྔ་ཟིན།མི་ཞིང་མུའུ་བྱེ་བ་གཉིས་དང་ས་ཡ་དགུ་ལེགས་བསྡུས་ཞིབ་གཉེར་བྱས་པ་དེས་མི་ཞིང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་གསུམ་དང་གྲངས་ཆུང་ཞེ་གཉིས་ཟིན།མིག་སྔའི་བར།རྫོང་ཡོངས་སུ་ནོར་ལུག་སཡ་གཅིག་གི་ཡན་གསོ་སྤེལ་བྱེད་ཐུབ་པའི་ར་བ་དོན་གཅིག་བཙུགས་ཡོད་པ་དང་།ཁྲོམ་དང་ཁྱུ་གཡག་རྒྱུད་སྤེལ་ར་བ་གཅིག་རེ་བཙུགས་ཡོད།གསོ་སྤེལ་ཕྱུགས་ཁྱུ་གཙོ་བོ་ལྔ་བརྒྱ་དོན་གཅིག་དང་ནོར་ལུག་འབུམ་གཅིག་དང་སྟོང་བཞི་འདེམ་གསོ་བྱེད་ཅིང་།“ལོ་གཉིས་ནང་ཐེངས་གསུམ་རྩེབས་པའི”མ་མོའི་ཁྱུ་དགུ་དང་མ་མོ་སྟོང་གཅིག་བརྒྱད་བརྒྱ་འདེམ་གསོ་བྱས།སྤུས་ལེགས་གཟན་རྩྭ་དང་གཟན་ཆས་རྟེན་གཞི་མུའུ་ཁྲི་གསུམ་དང་སྟོང་ལྔ་བཙུགས་པ་དང་།སྔོ་རྩྭ་གསོག་ཁང་དང་སྔོ་གཟན་སྙོལ་དོང་བཞི་བརྒྱ་བཅུ་གསུམ་བཙུགས་ཡོད་ཅིང་།གནམ་གྲུས་གཟན་རྩྭ་བཏབ་པའི་རྟེན་གཞི་མུའུ་ཁྲི་གཅིག་དང་སྟོང་གསུམ་ལ་སླེབས་ཡོད།

ཉེ་བའི་ལོ་འགའི་རིང་ལ།སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད།ཆི་ལེན་རྫོང་གིས་སྔ་གཞུག་ཏུ་མུ་རི་གྲོང་རྡལ་རྡོ་ལུང་སྡེ་བ་དང་མུ་རི་གྲོང་རྡལ་ལུང་རྒན་སྡེ་བ།ཨོ་པོ་གྲོང་རྡལ་ཧོང་ཚའོ་ཀོའུ་སྡེ་བ།འབྲོང་ལུང་མདའ་བཞི།འབྲོང་ལུང་དར་ལུང་བཅས་སྡེ་བ་ལྔ་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་ཚོད་ལྟ་བྱས།མཉམ་ལས་ཁང་གིས་སྣེ་ཁྲིད་དེ་ཚོང་རའི་དགོས་མཁོ་དང་འཕྲོད་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐོར་ཞིག་བཙུགས་ཏེ།ཐོན་སྐྱེད་བྱེད་སྟངས་དང་བདག་གཉེར་བྱེད་སྟངས་རྩ་བ་ནས་བསྒྱུར་བ་མངོན་འགྱུར་བྱས།ཞིང་ཕྱུགས་ལས“ས་བོན་བཟོ་འགོད”དང་ཕྱུགས་ནད་སྔོན་འགོག་མ་ལགརྨང་གཞིའི་སྒྲིག་བཀོད་ཆ་སྡེབ།ནོར་ལུག་ཚོ་གསོ་རྟེན་གཞིའི་འཛུགས་སྐྲུན།རོང་འབྲོག་པ་རང་གིས་རང་ལ་ཞབས་འདེགས་ཞུ་བའི་ཆེད་ལས་མཉམ་ལས་ཁང་སྣ་ཚོགས་འཛུགས་སྐྲུན་བྱེད་པ་སོགས་ལག་བསྟར་བྱས་པ་བརྒྱུད། ཞིང་ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་རྨང་གཞི་རང་བཞིན་དང་བདག་གཉེར་རང་བཞིན།ཞབས་ཞུ་རང་བཞིན་བཅས་མ་ལག་གི་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་བཏང་ཞིང་།ཁ་གསབ་དང་བྱ་དགའ་གནང་བའི་ནང་རྐྱེན་དང་སྲིད་ཇུས་ལག་བསྟར་བྱས་པས།ཞན་གྱུར་ཚབས་ཆེན་ཡིན་པའི་རང་བྱུང་རྩྭ་ཐང་ཁ་ཤས་སོར་ཆུད་སྐྱེ་འཕེལ་བྱུང་སྟེ།རྩྭ་སའི་དུག་རྩྭ་དང་རྩྭ་ཡན་ཇེ་ཉུང་དུ་སོང་བ་དང་།སྔོ་ཁེབས་ཀྱིས་གཡོགས་པའི་ཚད་མངོན་གསལ་གྱིས་ཇེ་ཆེར་སོང་།རྩྭ་སའི་ཐོན་སྐྱེད་ནུས་པ་དང་ནད་དང་གནོད་འཚེ་འགོག་པའི་ནུས་པ་ཇེ་ཆེར་གྱུར།རྩྭ་སའི་ཁོར་ཡུག་གི་ཐེག་ཚད་ཇེ་དྲག་ཏུ་གྱུར་ཅིང་།རྩྭ་སའི་སྐྱེ་ཁམས་ཐད་ཀྱི་གནོན་ཤུགས་སྔར་ལས་ཇེ་ཆུང་དུ་གྱུར།ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྣ་མང་ཅན་དང་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་བར་སྐུལ་འདེད་བཏང་སྟེ།“རྩྭ་སར་ཕྱུགས་འཚོ་མཚམས་བཞག་རུང་ཕྱུགས་གསོ་བ་དང་།ཕྱུགས་གྲངས་ཉུང་འཕྲི་བྱས་རུང་ཤའི་ཐོན་ཚད་ཇེ་ཉུང་དུ་མི་གཏོང་བ། ཕྱུགས་གྲངས་ཉུང་འཕྲི་བྱས་རུང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ”མངོན་འགྱུར་བྱུང་བ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཅིང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་རྣམ་པ་མངོན།

ཆི་ལེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་དང་སྐམས་ལུག་ཤ་ཐོན་ས་གཙོ་བོ་ཡིན་ལ།ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་རྫོང་དང་།ལྷད་མིད་སྐྱེ་ལྡན་དང་ཕན་འབྲས་མཐོ་བའི་གསོ་སྤེལ་དཔེ་སྟོན་རྫོང་ཞིག་ཀྱང་རེད།

ཉེ་བའི་ལོ་འགའི་རིང་ལ།ཆི་ལེན་རྫོང་གིས་ཧུར་ཐག་གིས་ཕྱུགས་ལས་འཕེལ་སྟངས་བསྒྱུར་པ་དང་།ཤུགས་ཆེན་པོས་སྒྲིག་བཀོད་གསོ་སྤེལ་འཕེལ་རྒྱས་བཏང་བས།ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཁུལ་ཆུང་སྐོར་ཞིག་སྔ་གཞུག་ཏུ་ལས་ནས་གྲུབ།ཕག་སོགས་གསོ་སྤེལ་ལས་རིགས་མྱུར་དུ་འཕེལ་རྒྱས་བྱུང་སྟེ།ཐོན་ཚད་ཏུན་རེ་ལྔ་ལ་སླེབས། ནས་དང་ལོག་དཀར་གཙོ་ཡིན་པའི་འདེབས་འཛུགས་ལས་རིགས་ཀྱི་སྤྱིའི་ཐོན་ཚད་སོ་སོར་ཏུན་སྟོང་གཉིས་བརྒྱ་དང་ཏུན་བརྒྱད་བརྒྱ་ལ་སླེབས། མཚོ་སྔོན་ཞིང་ཆེན་གྱིས་རེས་གསར་པའི“ཚོད་སླེ”བཟོ་འགོད་འཛུགས་སྐྲུན་བྱེད་པའི་འཆར་གཞི་འགོད་པའི་ཁྲོད་ཆི་ལེན་རྫོང་ཤ་རིགས་ཐོན་སྐྱེད་བྱེད་པའི་རྟེན་གཞི་ཡིན་པ་གཏན་འཁེལ་བྱས།དུས་མཚུངས་སུ་ཆི་ལེན་རྫོང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་ས་ཡ་བཞི་ལྷག་བཏང་ནས།མཐོ་སྒང་གི་འབྲོག་ལུག་ཁྲོམ་དང་ཁྱུ་གཡག་རྒྱུད་སྤེལ་ར་བ་གཅིག་རེ་བཙུགས། མངག་ཉོ་ལྟར་སྤུས་ལེགས་འབྲོག་ལུག་ཁྲོམ་དང་ཁྱུ་གཡག་སྟོང་གཉིས་བརྒྱད་བརྒྱད་ལྔ་བཅུ་ཕྱིར་བཙོངས།དེ་མིན་ཧུར་ཐག་གིས“རྫོང་ལ་འདེམ་གསོ་ལྟེ་གནས་ཡོད་པ་དང་ཞང་ལ་རྒྱུད་སྤེལ་རྟེན་གཞི་ཡོད་པ།སྡེ་བར་ཕྱུགས་ཁྱུ་གཙོ་བོ་ཡོད་པ།ཧྲེ་རུ་དཔེ་སྟོན་ཁྱིམ་ཚང་ཡོད་པའི”རྒྱུད་བཟང་ཕྱུགས་ཟོག་གསོ་སྤེལ་མ་ལག་བཙུགས་པ་དང་།ནོར་ལུག་གསོ་སྤེལ་ཁྱུ་གཙོ་བོ་ལྔ་བརྒྱད་དོན་གཅིག་དང་ནོར་ལུག་འབུམ་གཅིག་དང་སྟོང་བཞི་འདེམ་གསོ་བྱེད་ཅིང་།“ལོ་གཉིས་ནང་ཐེངས་གསུམ་རྩེབས་པའི”མ་མོའི་ཁྱུ་དགུ་དང་མ་མོ་སྟོང་གཅིག་བརྒྱད་བརྒྱ་འདེམ་གསོ་བྱས།ཕན་འབྲས་མཐོ་བའི་རྒྱུད་སྤེལ་ལག་རྩལ་རིམ་བཞིན་ཇེ་བཟང་དུ་སོང་སྟེ།རྫོང་ཡོངས་ཀྱི་ཕྱུགས་ཟོག་རྒྱུད་བཟང་ཚད་བརྒྱ་ཆའི་དགུ་ཅུའི་ཡན་ལ་སླེབས།

ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ཆི་ལེན་རྫོང་གིས་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་དམིགས་ནས།མདུན་ཕྱོགས་རང་བཞིན་དང་གསར་སྐྲུན་རང་བཞིན།དཔེ་སྟོན་རང་བཞིན་བཅས་འབུར་དུ་དོད་ཅིང་།འཛུགས་སྐྲུན་ལས་འགན་ཆེན་པོ་འབོར་ཆེན་ཞིག་སྔ་མོ་ནས་ཇུས་འགོད་བྱས་ཏེ།“ར་བ་གཅིག་དང་ཁུལ་ལྔ”སྟེ་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་དཔེ་སྟོན་ར་བ་གཅིག་དང་།རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ།མདོ་ལ་རིང་མོ་སྐྱེ་ཁམས་བཀག་དངོས་བྱེད་ནུས་ཁུལ།ཕན་འབྲས་མཐོ་བའི་འབྲོག་ལུག་དང་ནོར་གནག་གསོ་སྤེལ་དཔེ་སྟོན་ཁུལ།དར་གོས་འགྲུལ་ལམ་བྱང་རྒྱུད་ཀྱི་ཞིང་ཕྱུགས་ཐོན་རྫས་ཟོང་དབོར་དཔེ་སྟོན་ཁུལ།མཚོ་སྐོར་ཡུལ་སྐོར་བྱེད་པའི་ལྟད་མོ་སྤྲོ་གསེང་ཞིང་ལས་ཁུལ་གཙོ་བོ་བཅས་བཙུགས་པས།རྫོང་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་རྒྱ་སྐྱེད་དང་ཇེ་མཐོར་འགྲོ་བར་སྐུལ་ཁྲིད་ཀྱི་ནུས་པ་ཐེབས་ཏེ།རྫོང་ཡོངས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཐད་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།མིག་སྔར་གཞི་ཁྱོན་ཅན་གྱི་ནོར་ལུག་གསོ་སྤེལ་ར་བ་བསྡོམས་པས་དོན་བརྒྱད་བཙུགས་ཡོད།

མདོ་ལ་རིང་མོའི་འདབས་ཀྱི་རྩྭ་ཐང་དུ།གང་སར་ནོར་ལུག་ཁྱབ་པའི་མཛེས་ལྗོངས་མངོན།ཞེས་པའི་བསྟོད་གླུ་ཇི་བཞིན་ཆི་ལེན་རྫོང་གི་རོང་འབྲོག་ཁུལ་དུ་ཕྱིན་པ་ན།ཞིང་ཕྱུགས་ལས་འཕེལ་རྒྱས་ལས་ས་གཞི་དེར་སྐྱེ་སྟོབས་དང་རེ་བས་ཁེངས་འདུག།

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།