དཔའ་ལུང་རྫོང་གིས་ཏང་འཛུགས་སྐྲུན་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བར་སྣེ་ཁྲིད་དང་རམ་འདེགས་བྱས།
2019.10.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ན་ནིང་ནས་བཟུང་སྟེ། དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བ་དེ་ཏང་འཛུགས་སྐྲུན་ལེགས་པར་བཟུང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་མ་གཏོང་བའི་བཟོ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་ནན་འཛིན་བྱས་ཤིང་། ཏང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ནས། རྫོང་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བ་ལ་སྟོབས་ཤུགས་ཡོད་རྒུས་རམ་འདེགས་བྱས།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་ནན་འཛིན་བྱེད་པར་མེད་པ་ནས་ཡོད་པར་གཏོང་བ་དང“སྣ་འདྲེན་ཁྲུང་ཁྲུང”ལྟ་བུའི་ནུས་པ་དངོས་གནས་འདོན་སྤེལ་བྱེད་ཆེད། རྫོང་ཨུའི་རྩ་འཛུགས་པུའུ་ཡིས་བྱ་བ་སྒྲུབ་པའི་ཁྲོད་ནས་འགན་ཁུར་མི་ཐུབ་པ་དང་ཚད་མཐུན་མིན་པ། འགན་ཅི་ལྕོགས་མི་བྱེད་པའི་ཏང་ཀྲི་པུའུ་ཧྲུའུ་ཅི10ལ་བློ་ཐག་རྦད་ཆོད་ཀྱིས་ལེགས་སྒྲིག་བྱས་པའམ་གོ་གནས་བརྗེ་སྤོར་བྱས་ཤིང་། སྔར་ལས་ལྷག་པར་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་མཐོར་འདེགས་བྱས། གཞི་རིམ་རྩ་འཛུགས་ཀྱི་ནུས་མེད་ཉམས་ཞན་ཁ་ཐོར་ཡིན་པའི་གནས་ཚུལ་དང་འཐབ་འཛིང་ནུས་ཤུགས་མི་དྲག་པ། ཐོན་ལས་རྨང་གཞི་དང་ཐུན་མོང་དཔལ་འབྱོར་གཉོམ་ཞན་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ144དང་དབུལ་ཕོངས་མི་གྲངས་མང་བའི་དབུལ་པོ་དབུལ་ནག་གི་སྲིད་འཛིན་སྡེ་བ49ལ་ཡང་བསྐྱར་ཧྲུའུ་ཅི་དང་པོ་དང་ལས་བྱེད་མི་སྣ་འདེམ་མངག་བྱས། འདེམ་མངག་བྱས་པའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་མི་སྣས“ནུས་ཚད་ཁུངས”དང “སྐུལ་འགྱུར་རྫས”དང“འཕྲལ་སྒྲུབ་རུ་ཁག”གི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས།ད

བརྟག་དཔྱད་མཐིལ་ཕྱིན་བྱས་པའི་རྨང་གཞིའི་སྟེང་། དཔའ་ལུང་རྫོང་གིས་ལོ་འཁོར་བགོས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བའི་འཆར་གཞི་གཏན་འབེབས་བྱས་པ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱིས་འོད་ཧྥུ་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར། འཐེན་ཐུག་དཔལ་འབྱོར། ཁྱད་ལྡན་ཐོན་ལས་དང་དབུལ་སྐྱོར་ལས་གཞི་སོགས་འཕེལ་རྒྱས་གོ་སྐབས་ཆེན་པོ་ཚང་མ་ལེགས་པར་ཁོང་དུ་ཆུད་པར་སྐུལ་ལྕག་བཏང་ནས། སྡེ་བ་དེའི་དོན་དངོས་གནས་ཚུལ་དང་མཐུན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བའི “ཐིག་གཏོར”ཐབས་ལམ་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ཤིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“ཁྲག་བཟོ”བྱེད་ནུས་དང་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་ཅི་ཐུབ་བྱས། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ362ལས་སྡེ་བ35ཡིས་བདེ་བླག་ངང་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་གཏོང་བའི “ཐིག་གཏོར”ཐབས་ལམ་མངོན་འགྱུར་བྱས་པར་མ་ཟད་ཕན་འབྲས་ངེས་ཅན་ཡང་ཐོབ་ཡོད་ཅིང་། ཚོད་དཔག་བྱས་ན། 2019ལོར་ཕན་འབྲས་ཐོབ་ངེས་ཀྱི་སྡེ་བ144ཡོད། དེ་ལས་གཞན་དབུལ་ཕོངས་སྡེ་བ་མ་ཡིན་པའི“ཐར་ཐོར”ལས་གཞི་སྟེ་མེད་པ་ནས་ཡོད་པར་གཏོང་བའི་ལས་གཞི183ཙམ་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བྱེད་བཞིན་པའི་སྒང་རེད། 

                                                                      རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།