དུས་རབས་གསར་པའི་མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལེའུ་གསར་པ་འབྲི་བཞེངས་ལེགས་པོ་བྱེད་པ།
2019.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

 སྟེགས་བུ་གསར་པ། བྱེད་ནུས་གསར་པ། བཞིན་རས་གསར་པ། མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་ལང་ཚོའི་གསོན་ཤུགས་དང་ལས་དང་པོ་བའི་ཁུར་འཛིན་གྱིས། བགྲང་བྱ70འཁོར་བའི་འཁྲུངས་སྐར་བསུས། ཟླ10པའི་ཚེས21ཉིན་གྱི་སྔ་དྲོར། “རིགས་གསར་གཙོ་རྒྱུག་སྨྱན་སྦྱོར་འཛུགས་སྐྲུན”དང《མཚོ་སྔོན་ཉིན་རེའི་ཚགས་པར》སྤེལ་ནས་ལོ་ངོ་70ལོན་པའི་ཚོགས་ཆེན་དེ་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་བསྡུས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཚོགས་ཆེན་སྟེང་དུ་ཤིས་ཚིག་ཤིས་འཕྲིན་སྒྲོག་འདོན་དང་། “མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་བྱས་རྗེས་འབུར་ཐོན་ཅན”ཐོབ་མཁན་ལ་གཟེངས་བསྟོད། གསར་འགོད་པ་དང་རྩོམ་སྒྲིག་པ། བློ་མཐུན་རྒན་པ། ཀློག་པ་པོ་བཅས་ཀྱི་འཐུས་ཚབ་པས་གཏམ་བཤད་བཅས་བྱས། བགྲང་བྱ70ཡི་རིང་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཏང་དང་མི་དམངས་དང་མཉམ་དུ་དཀའ་སྡུག་ཁྲོད་མཚམས་མེད་མདུན་དུ་བསྐྱོད་ཅིང་། དུས་རབས་གསར་པར་མུ་མཐུད་དུ་ངོ་མཚར་ལེ་ཚན་བྲི་བའི་ཉེར་བསྡོགས་རྩོམ།

མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཚགས་པར་ཡིན་ལ། གསར་དུ་བཏོན་པའི་དུས་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་མཐོར་བསྒྲེངས་དང་། ཏང་གི་གསུང་སྐད་ཁྱབ་སྒྲོག ཏང་གི་ལྟ་དགོངས་གསེད་འགྲེལ། མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་བསམ་བློའི་རྣམ་པ་མངོན་མཚོན་བཅས་བྱས་ལ། མཚོ་སྔོན་གྱི་ལོ་རྒྱུས་གསོང་པོར་འབྲི་བའི་ངོ་མཚར་ལེ་ཚན་ཁྲོད་དུ། དབྱངས་རྟ་གཙོ་བོ་མཐོར་གྱེར་དང་ལེགས་བྱས་དྲང་ནུས་ཁྱབ་སྤེལ་གྱིས། མཚོ་སྔོན་གྱི་གསར་བརྗེ་འཛུགས་སྐྲུན་དང་བཅོས་བསྒྱུར་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་བགྲང་བྱ70ནི། དཀའ་སྡུག་ལས་སྐྲུན་དང་། ཧུར་ཐག་མདུན་བསྐྱོད། རྙིང་ཚབ་གསར་བརྗེ། འབྲས་བུ་ཁུར་དུ་ལྕི་བ་བཅས་ཀྱི་བགྲང་བྱ70ཡིན། མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཀྲུང་གོ་གསར་པ་ཡི་ཞོགས་པའི་ཉི་ཟེར་ཁྲོད་འཁྲུངས་ཤིང་། ཏང་གི་ཐུགས་ཁུར་འོག་འཚར་ལོངས་བྱུང་ལ། བདེན་སྐྱོང་གསར་གཏོད་ཁྲོད་འཕེལ་རྒྱས་བྱུང་བ་དང་། མཚོ་སྔོན་གསར་པའི་མདུན་སྐྱོད་ཁྲོད་སྟོབས་ལྡན་དུ་གྱུར། དེ་ཡང་མེས་རྒྱལ་དང་དཀའ་སྡུག་མཉམ་མྱོང་། མི་དམངས་དང་ལས་དབང་དམ་སྦྲེལ། མཚོ་སྔོན་དང་མཉམ་དར་མཉམ་རྒྱས་བཅས་བྱས། ད་ལྟའི་མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཚགས་པར་གཅིག་ནས“ཚགས་པར། དྲ་ཚིགས། སྣེ། འཕྲིན་ཕྲན”བཅས་མཉམ་འདྲེས་ཀྱིས་གནས་ཚུལ་སྤེལ་བའི་ཕྱོགས་སུ་འཕེལ་ཏེ། “ཚགས་པར་དྲུག དུས་དེབ་གཉིས། དྲ་ཚིགས་གཉིས། སྣེ་གཉིས། འཕྲིན་ཕྲན་མང་པོ”བཅས་ཀྱི་ཡོངས་འདུས་སྨྱན་སྦྱོར་གྱིས་ཁྱབ་སྤེལ་བྱེད་པའི་རྣམ་པ་གསར་པ་ཆགས་ཡོད་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱིས་ཕན་ཚུན་གཅིག་གྲོགས་གཅིག་བྱེད་དང་དགེ་འདེགས་སྐྱོན་སེལ་བྱེད་པའི་འཕེལ་ཕྱོགས་ཉིན་རེར་མངོན་གསལ་དུ་གྱུར་ནས། གསར་འགྱུར་གླེང་ཕྱོགས་ལས་དོན་རྣམ་པ་གསར་རྐྱང་དུ་བསྒྱུར་ཡོད།

ཏང་དང་མི་དམངས་ཀྱི་རེ་སྒུག་གི་མདུན་དུ། བགྲང་བྱ70འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་ནས། ང་ཚོས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། འབད་བརྩོན་གྱིས་རྐང་ཤུགས་དང་མིག་ཤུགས། ཀླད་ཤུགས། སྙུག་ཤུགས་བཅས་སྤྱད་དེ་དུས་རབས་གསར་པའི་མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལེའུ་གསར་པ་འབྲི་བཞེངས་ལེགས་པོ་བྱེད་དགོས། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་དང་། ཏང་གི་ཚགས་པར་གྱི་རུས་ཏང་ཡིན་པ་སེམས་སུ་དམ་པོར་འཛིན་པ། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ཨང་དང་པོར་འཇོག་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དང་ཆབ་སྲིད་པས་ཚགས་པར་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས། “འདུ་ཤེས་བཞི”ལ་ཤུགས་སྣོན་པ་དང་། “རང་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས། སེམས་པ་དྭངས་གཙང་དང་བསམ་བློ་བདེ་ཐང་ཡོང་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ཏུ་བསྟར་ནས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་རིན་ཐང་སྙེག་ཕྱོགས་གཅིག་འགྲིལ་ཡོང་བ་བྱ་དགོས། གསར་འགྱུར་གྱི་བྱ་བའི་ཆོས་ཉིད་ལ་བརྩི་འཇོག་དང་། ལོ་རྒྱུས་ལ་བརྩི་འཇོག དངོས་ཡོད་ལ་བརྩི་འཇོག མི་དམངས་ལ་བརྩི་འཇོག ལག་ལེན་ལ་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས། དོན་གནས་དང་བདེན་པ་དང་ཡང་དག་པ་བཅས་ཀྱི་སྒོ་ནས་དུས་རབས་ཀྱི་དྲི་བར་ལན་བཏབ་ནས་དུས་རབས་ཀྱི་རྒྱུགས་ལན་འདེབས་མཁན་ལེགས་པོ་ཞིག་བྱ་དགོས། སྤུས་ལེགས་འདུ་ཤེས་ཆགས་པར་བྱས་ནས། བསམ་བློ་ཡོད་པ་དང་། ལྟ་ཚུལ་ཡོད་པ། དྲོད་ཁོལ་ཡོད་པ། གཏམ་རྒྱུད་ཡོད་པ། གཞུང་བཟང་ཡོད་པ། བཞེད་དགོངས་ཡོད་པ། ཡོན་ཚད་ཡོད་པ་བཅས་ཀྱི་ཚགས་པར་གྱིས། མི་སེམས་འགུག་པ་དང་སློབ་གསོ་གཏོང་བ། སེམས་འགུལ་ཐེབས་སུ་འཇུག་པ་བཅས་བྱ་དགོས། དཔྱད་བཟོད་ཁུར་ཐེག་གི་དཔུང་ཁག་བཙུགས་ནས། ཆབ་སྲིད་ཀྱི་སྟེང་ནས་ཚགས་པར་བ་ལ་ཡིད་ཆེས་གང་ལེགས་དང་། བྱ་བ་ཡི་སྟེང་ནས་ཚགས་པར་བ་བེད་སྤྱོད་རྟུལ་ཕོད། འཚོ་བ་ཡི་སྟེང་ནས་ཚགས་པར་བ་ལ་ཐུགས་ཁུར་ཟོལ་མེད་བཅས་བྱས་ཏེ། ཚགས་པར་བ་ཐམས་ཅད་ལ་དྲིན་ཤེས་དང་བཀུར་བསྟི། འགན་ལེན་བཅས་ཀྱི་བསམ་བློ་བཅངས་པའི་སྒོ་ནས་ཏང་གི་གསར་འགྱུར་ལས་དོན་ལ་འབད་བརྩོན་ལྷོད་མེད་བྱ་རུ་འཇུག་དགོས།

ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་ལྟ་དགོངས་ཀྱི་བརྒྱུད་སྒྲོག་པ་དང་། དུས་རབས་འཕོ་འགྱུར་གྱི་ཟིན་བྲིས་པ། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། འདྲ་མཉམ་དྲང་བདེན་གྱི་སོ་ལྟ་བ་བཅས་བྱས་ནས། ཡང་བསྐྱར་ལམ་དུ་ཆས་པའི་སྟ་གོན་ཡོངས་སུ་བགྱིས་ཏེ། དུས་རབས་རི་མོ་རུ་བཞེང་བ་དང་། དུས་རབས་ལོ་རྒྱུས་སུ་གཟུད་པ། དུས་རབས་ལ་སྤྱོད་བཟང་ངོམ་པ་བཅས་ནི་དུས་རབས་ཀྱི་བླང་བྱ་དང་རེ་འབོད་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོར་བསྩལ་བའི་ལས་འགན་དང་འགན་འཁྲི་གསར་པ་ཡིན་པས། ང་ཚོས་མུ་མཐུད་འབད་བརྩོན་དང་ཧུར་འཐབ་མདུན་བསྐྱོད་ཀྱིས། གཙོ་འཛིན་གྱི་བསམ་བློ་དྲིལ་སྒྲོག་བྱེད་པའི་གདོང་མཆོང་བ་བཟང་པོ་བྱས་ཏེ། མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེབས་དང་རེ་འབོད་བྱས་ན། ད་གཟོད་དུས་རབས་ཀྱི་དྲི་བ་ལ་ལན་བཟང་པོ་བཏབ་ནས་མུ་མཐུད་དུ་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་བསྐྲུན་ཐུབ། 

                                                            རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།